བོད་ལྗོངས་ཀྱི་དེང་རབས་རི་མོའི་གདན་འདྲེན་འགྲེམས་སྟོན་པེ་ཅིང་ནས་འགོ་རྩོམ་རྒྱུ་ཡིན་པ།

པདྨ་བཀྲ་ཤིས་ཀྱི་བརྩམས་ཆོས།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ་ཆེད། ལི་ཞའོ་ཁོ་དང་ཧན་ཧྲུའུ་ལི་གཉིས་ཀྱིས་མཉམ་དུ་ཇུས་འགོད་བྱས་པའི《རབ་མཛེས་བོད་ལྗོངས།——བོད་ལྗོངས་ཀྱི་དེང་རབས་རི་མོའི་གདན་འདྲེན་འགྲེམས་སྟོན》ཟླ7པའི་ཚེས28ཉིན་མི་རིགས་རིག་གནས་ཕོ་བྲང་ནས་སྤེལ་རྒྱུ་ཡིན་པ་རེད།
ཐེངས་འདིའི་འགྲེམས་སྟོན་དུ་ཧན་ཧྲུའུ་ལི་དང་ཝང་ལིན་ཞུས། པདྨ་བཀྲ་ཤིས། ཡུས་ཡིའུ་ཞིན། འགྱུར་མེད་འཕྲིན་ལས། ལི་ཀྲི་པའོ། སྤེན་པ། ལྷག་པ་ཚེ་རིང་། བདེ་སྒྲོན། ཚེ་བརྟན་འགྱུར་མེད། ཚེ་རིང་རྣམ་རྒྱལ། ཚེ་རིང་དབང་རྒྱལ། ནོར་བུ་བསོད་དར། ཀྲའེ་ཡུའེ་ཧྥེ། ཤར་ལུང་དབང་འདུས། བསྟན་འཛིན་བདེ་སྐྱིད་སོགས་བོད་རིགས་དང་དུས་ཡུན་རིང་པོར་བོད་ཡུལ་དུ་འཚོ་བ་རོལ་བའི་སྒྱུ་རྩལ་པ་བཅུ་དྲུག་ཆེད་དུ་གདན་འདྲེན་ཞུ་རྒྱུ་ཡིན་པ་རེད། དེ་ནི2004ལོའི《གངས་ལྗོངས་ཀྱི་མཛེས་པའི་ཚོན་མདངས》གཞུག་གི་བོད་ལྗོངས་ཀྱི་དེང་རབས་རི་མོའི་གདན་འདྲེན་འགྲེམས་སྟོན་སྐབས་གཉིས་པ་ཡིན་ལ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར་དྲུག་ཅུ་འཁོར་བའི་རིང་རི་མོ་འབྲི་བའི་ཁྱབ་ཁོངས་ཀྱི་དགའ་འོས་པའི་གྲུབ་འབྲས་ཀྱང་ཡིན།

ཧན་ཧྲུའུ་ལི་ཡི་བརྩམས་ཆོས།
འགྲེམས་སྟོན་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རི་མོའི་གཞུང་སྒྲུབ་ཁང་དང་ཀྲུང་གོའི་རི་མོ་བའི་མཐུན་ཚོགས། བོད་ལྗོངས་ཀྱི་རིག་རྩལ་ལྷན་ཚོགས། ལི་ཁའོ་རན་གྱི་སྒྱུ་རྩལ་ཐེབས་རྩ་ཚོགས་པ། བོད་ལྗོངས་ཀྱི་རི་མོ་བའི་མཐུན་ཚོགས། མི་རིགས་རིག་གནས་ཕོ་བྲང་བཅས་ཀྱིས་གཙོ་སྒྲུབ་གནང་རྒྱུ་ཡིན་ཞིང་། པེ་ཅིང་གསར་སྤེལ་ཆོག་པའི་རིག་གནས་དང་ཀྲུང་གོའི་མི་རིགས་རི་མོའི་གླིང་། བོད་ལྗོངས་ཀྱི་ཡིག་གཟུགས་དང་རི་མོའི་གླིང་གིས་སྒྲུབ་འགན་འཁུར་རྒྱུ་ཡིན་ལ། 2011ལོའི་ཟླ8པའི་ཚེས9ཉིན་མཇུག་བསྡུ་རྒྱུ་ཡིན་པ་རེད།
