logo

ཧྭ་ལུང་རྫོང་གིས་མཛེས་སྡུག་གི་མཚོ་སྔོན་ལ་མཛེས་ལྗོངས་གསར་བ་བསྣན་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-07-21 ཀློག་གྲངས།:


རང་བྱུང་མཛེས་ལྗོངས། 

            མཚོ་སྔོན་ཞིང་ཆེན་ཧྭ་ལུང་ཧེ་རིགས་རང་སྐྱོང་རྫོང་གིས་ཆུ་འཁོར་གྲོང་རྡལ་གྱི་ཁུལ་གསར་དེ་མཛེས་སྡུག་གི་མཚོ་སྔོན་གྱི་མཛེས་ལྗོངས་གསར་བ་དང་རྨ་ཆུའི་ཆུ་གློག་ཁྱམས་རའི་གནས་སྐོར་ལམ་ཐིག་ཏུ་གསར་སྐྲུན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྲོ་འཆམ་གནས་སྐོར་བྱེད་ས་ཤིག་ཏུ་འཛུགས་སྐྲུན་བྱེད་པ་དམིགས་འབེན་ཏུ་བཟུང་སྟེ། ནན་ཏན་སྒོས་གནས་སྐོར་ལས་གཞི་འཛུགས་སྐྲུན་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕར་གནས་གསར་བ་བསྣན། 


གནས་སྐོར་བས་ཆུ་འཁོར་གྲོང་རྡལ་གྱི་རྨ་ཆུའི་འགྲམ་ངོགས་སུ་མཛེས་ལྗོངས་ལ་རོལ་མྱོང་བྱེད་བཞིན་པ།

            ཧྭ་ལུང་རྫོང་ཏུ་རང་བྱུང་ཁོར་ཡུག་མཛེས་པ་དང་ས་གནས་ཁྱད་ཆོས་མངོན་གསལ་ཡིན་པ། མི་རིགས་ཡུལ་སྲོལ་གྱིས་ཕྱུག་པ། བཟའ་བཏུང་རིག་གནས་ཁྱད་ཆོས་ལྡན་པའི་ཤང་སྡེའི་གནས་སྐོར་སྣེ་ལེན་ས་ཚིགས13ཡོད་པ་དང་། ལས་ཞུགས་མི་སྣ800ལྷག་ཡོད་ལ། ལོ་རེར་གནས་སྐོར་བ་མི་ཐེངས་ཁྲི15སྣེ་ལེན་བྱེད་ཐུབ་པས། ཚོང་གཉེར་ཡོང་སྒོ་སྒོར་ཁྲི1700དང་གནས་སྐོར་ཡོང་སྒོ་སྒོར་ཁྲི958སླེབས།


འབྲེལ་ཡོད་འོས་སྦྱོར།