《ཡུལ་ཤུལ་གྱིས་བརྗེད་མི་སྲིད》ཅེས་པའི་གླུ་བྲོའི་ཟློས་གར་རྒྱ་རྡོར་ནས་འཁྲབ་སྟོན་བྱས་པ།
ཟླ7པའི་ཚེས་12ཉིན། 《ཡུལ་ཤུལ་གྱིས་བརྗེད་མི་སྲིད》ཅེས་པའི་དྲིན་དྲན་སྐོར་སྐྱོད་འཁྲབ་སྟོན་ཚོགས་པས་མཚོ་བྱང་ཁུལ་རྒྱ་རྡོར་རྫོང་ཐང་ཆེན་དུ་འཁྲབ་སྟོན་བྱས། རྒྱ་རྡོར་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་དང་རྫོང་དེ་གའི་མང་ཚོགས་རྣམས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད།
ཕྱོགས་བཞིའི་འཛིན་མས་གོས་ལྗང་བཀླུབས་ཤིང་མེ་ཏོག་གི་དྲི་ཞིམ་གང་སར་ཐུལ་བའི་དབྱར་གྱི་དུས་བཟང་འདི་ལ། ཡུལ་ཤུལ་མི་དམངས་ཀྱིས་བཀའ་དྲིན་དྲན་པའི་ལྷད་མེད་བརྩེ་སེམས་བཅངས་ཏེ་རྒྱ་རྡོར་དུ་ཡོང་ནས་ཡུལ་དེ་གའི་མི་དམངས་ཀྱིས་ཡུལ་ཤུལ་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།

《ཡུལ་ཤུལ་གྱིས་བརྗེད་མི་སྲིད》ཅེས་པ་འཁྲབ་སྟོན་བྱེད་བཞིན་པ།

རྒྱ་རྡོར་མི་དམངས་ཀྱིས་འགྲེམ་སྟོན་པང་རིས་ལ་ལྟ་བཞིན་པ།
ལྟད་མོ་བས་འགྲེམ་སྟོན་པང་རིས་ལས་ལོ་གཅིག་རིང་གི་ཡུལ་ཤུལ་གྱི་འགྱུར་ལྡོག་ལ་རྒྱུས་ལོན་བྱས་པར་བརྒྱུད། གསར་འགོད་པ་ལ་བཤད་རྒྱུར། ལོ་གཅིག་གི་རིང་ཡུལ་ཤུལ་མི་དམངས་ས་འགུལ་གྱི་སྡུག་བསྔལ་ལས་གྲོལ་ཏེ་བསྐྱར་འཛུགས་ཀྱི་ལས་ཀར་ཞུགས་པས། ཁམས་པ་བ་རྣམས་ཀྱི་བློ་བརྟན་འགྱུར་མེད་གྱི་འདུ་ཤེས་དང་དཔའ་ངར་ཞུམ་མེད་ཀྱི་གཤིས་རྒྱུད་གསལ་ལེར་མངོན་པ་དང་། ཡུལ་ཤུལ་མི་དམངས་ཀྱི་མ་འོངས་པ་སྔར་ལས་ལྷག་པར་ཡིད་དུ་འོང་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་ཟེར།
འཁྲབ་སྟོན་མཇུག་རྫོགས་རྗེས། རྒྱ་རྡོར་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་རྣམ་པ་སྟེགས་བུའི་སྟེང་སོང་ནས་འཁྲབ་སྟོན་པ་རྣམ་པར་འཚམས་འདྲི་བྱས་ཤིང་མཉམ་དུ་པར་བླངས་པ་རེད།
