logo

ཐང་ཀ་བསྡུ་ཉར་མཁན་པོ་ཀྲང་ཅི་ལགས་མཚོ་སྔོན་པོ་ཆ་འཕྲིན་ལྟེ་གནས་སུ་མགྲོན་དུ་ཕེབས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-14 ཀློག་གྲངས།:


ཐང་ཀ་བསྡུ་ཉར་མཁན་པོ་ཀྲང་ཅི་དང་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་གཞུང་ལས་ཁང་གི་
འགོ་གཙོ་ཚེ་ལོ་གཉིས་མཚོ་སྔོན་པོ་ཆ་འཕྲིན་ལྟེ་གནས་སུ་གླེང་མོལ་བྱེད་བཞིན་པ། 

            ཟླ7ཚེས13ཉིན།   ཀྲུང་གོའི་རིགས་རྫས་བསྡུ་ཉར་མཐུན་ཚོགས་ཀྱི་ཨུ་ཡོན་ནམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་པ།  ནང་བསྟན་ཞིབ་འཇུག་པ།  ཐང་ཀ་བསྡུ་ཉར་མཁན་པོ།  རྩོམ་པ་པོ་གྲགས་ཅན་ཀྲང་ཅི་ལགས་མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཨ་དགེ་འདུན་ལགས་དང་ལྷན་དུ་མཚོ་སྔོན་པོ་ཆ་འཕྲིན་ལྟེ་གནས་སུ་མགྲོན་དུ་ཕེབས་པ་རེད།  
            སྐུ་ཞབས་ཀྲང་ཅི་ཡིས་མཚོ་སྔོན་པོ་རྒྱ་ཡིག་དྲ་ཚིགས་དང་བོད་ཡིག་དྲ་ཚིགས།  དེ་མིན་མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས་དང་བོད་ཡིག་ཟིན་བྲིས་སོགས་ཀྱི་དྲ་ངོས་ལ་ལྟ་ཞིབ་གནང་བ་དང་།  མཚོ་སྔོན་པོ་དྲ་བ་གསར་འདོན་མཁན་ནམ་མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་ལགས་ཀྱིས་མཚོ་སྔོན་པོ་དྲ་ཚིགས་ཀྱི་འཕེལ་རིམ་མཚམས་སྦྱོར་གནང་རྗེས།   ཁོང་གིས་ཚད་མཐོན་པོའི་གདེངས་འཇོག་དང་གཟེངས་བསྟོད་མི་དམན་པ་གནང་བ་རེད།   


སྐུ་ཞབས་ཀྲང་ཅི་ལགས་ཀྱིས་མཚོ་སྔོན་པོ་ཆ་འཕྲིན་ལྟེ་གནས་ལ་ཕྱག་བྲིས་གནང་བཞིན་པ།

            སྐུ་ཞབས་ཀྲང་ཅི་ལགས་ཀྱིས་བཤད་རྒྱུར།  མཚོ་སྔོན་པོ་དྲ་རྒྱ་འདི་བོད་ཁུལ་དྲ་རྒྱ་ཡོངས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས།  དེའི་ཁྱད་འཕགས་རང་བཞིན་དང་ཐུན་མིན་རང་བཞིན་ནི་དྲ་རྒྱ་གཞན་ལ་ཡོད་པ་མིན་ཞིང་།  མཚོ་སྔོན་པོ་དྲ་ཚིགས་འདི་བོད་ཀྱི་རིག་གནས་དྲིལ་སྒྲོག་དང་ཁྱབ་སྤེལ་བྱེད་པའི་སྟེགས་བུ་ཆེ་ཤོས་སུ་བཞག་སྟེ།  མི་རིགས་མཐུན་སྒྲིལ་ཡར་སྐུལ་སྒོས་འཆམ་མཐུན་གྱི་གནས་བབ་ལེགས་པོ་ཞིག་སྐྲུན་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྣང་ལ།  མཚོ་སྔོན་པོ་ཆ་འཕྲིན་ལྟེ་གནས་ཀྱིས་བོད་ཀྱི་རིག་གནས་སྔ་ན་མེད་པའི་དྲིལ་སྒྲོག་དང་ཁྱབ་སྤེལ་བྱེད་པར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ནི་དེ་བས་ཀྱང་རེ་ལྟོས་ཆེན་པོ་ཞིག་ཡིན་ཟེར།  དེར་མ་ཟད་མཚོ་སྔོན་པོ་དྲ་རྒྱ་འདི་མི་དམངས་དྲ་རྒྱ་སོགས་དྲ་རྒྱ་ཆེན་མོ་དང་མཉམ་འབྲེལ་བྱེད་པའི་བསམ་འཆར་བཏོན་ལ།  ཕྱོགས་གཉིས་ཀྱི་སྟེགས་བུར་བརྒྱུད་ན་ད་གཟོད་ཆ་འཕྲིན་ཁྱབ་སྤེལ་ཀྱི་ནུས་ཤུགས་སྔར་བས་མཐོར་འདེགས་སུ་གཏོང་ཐུབ་ངེས་རེད་ཟེར།  ཁོས་མུ་མཐུད་དུ་མཚོ་སྔོན་པོ་དྲ་རྒྱར་ལྟ་རྟོགས་བྱེད་རྒྱུ་ཡིན་ཞིང་།  མི་དམངས་དྲ་བ་དང་མཉམ་འབྲེལ་བྱེད་རྒྱུར་ཡང་རང་ནུས་ཅི་ལྕོགས་ཀྱིས་ཡར་སྐུལ་བྱེད་ངེས་ཡིན་ཟེར།
            མཇུག་མཐར།   སྐུ་ཞབས་ཀྲང་ཅི་ལགས་ཀྱིས་མཚོ་སྔོན་པོ་ཆ་འཕྲིན་ལྟེ་གནས་ལ་ཕྱག་བྲིས་གནང་བ་སྟེ། “མཚོ་སྔོན་པོ་དྲ་ཚིགས——བོད་མི་རིགས་ཀྱི་སྲོག་རྩ”ཞེས་ཚིག་ཉུང་ལ་དོན་འདུས་པའི་ལྗིད་ཏིག་ཏིག་གིས་ཡིག་འབྲུ་འགས་དྲ་ཚིགས་གཉེར་མཁན་དག་ལ་གཞེན་སྐུལ་བྱས།


འབྲེལ་ཡོད་འོས་སྦྱོར།