སྐབས་དང་པོའི་རྒྱལ་ཐང་ཡ་གླིང་ཡུལ་སྐོར་གླེང་སྟེགས་ཟླ་བརྒྱད་པར་འཚོག་འཆར་ཡོད་པ།
སྐབས་དང་པོའི་རྒྱལ་ཐང་ཡ་གླིང་ཡུལ་སྐོར་གླེང་སྟེགས།
ཟླ8པར། སྐབས་དང་པོའི་རྒྱལ་ཐང་ཡ་གླིང་ཡུལ་སྐོར་གླེང་སྟེགས་མི་འགྱངས་པར་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་རྒྱལ་ཐང་དུ་གཟབ་རྒྱས་ངང་ཚོགས་རྒྱུ་ཡིན་ཞིང་། སྐབས་འདིའི་གླེང་སྟེགས་ནི་རྒྱལ་སྤྱིའི་ཡུལ་སྐོར་རིག་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་རིག་པའི་ལྷན་ཚོགས་རྒྱལ་སྤྱི་ཡུལ་སྐོར་ཆེད་ལས་ཨུ་ཡོན། པེ་ཅིང་སློབ་ཆེན་ཡུལ་སྐོར་ཞིབ་འཇུག་དང་འཆར་འགོད་ལྟེ་གནས། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱེད་པ་དང་། པེ་ཅིང་ས་ཆེན་ཡུལ་ལྗོངས་རིག་གནས་ཁྱབ་བསྒྲགས་ཚད་ཡོད་ཀུང་ཟི་དང་ཡུན་ནན་ཕན་ལྡན་ཇའི་ལས་རིགས་མཐུན་ཚོགས་གཉིས་ཀྱིས་འགན་སྒྲུབ་གནང་རྒྱུ་ཡིན་ལ། ཡཱ་ཐའེ་ཡུལ་སྐོར་ལྷན་ཚོགས་དང་ཡུན་ནན་ཞིང་ཆེན་ཡུལ་སྐོར་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད།
གླེང་སྟེགས་ཀྱི་གཞི་རྩའི་ཆ་འཕྲིན།
སྐབས་དང་པོའི་རྒྱལ་ཐང་ཡ་གླིང་ཡུལ་སྐོར་གླེང་སྟེགས་ནི“མ་འོངས་ཡུལ་སྐོར་གྱི་ས་ངོས་སྙོམས་ཐིག་གསར་བ”ཞེས་པ་བརྗོད་བྱ་གཙོ་བོར་འཛིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཆེད་མཁས་གང་མང་གདན་འདྲེན་ཞུས་ནས། དུས་རབས21གི་འཛམ་གླིང་ཐེངས་གཉིས་པའི་ལོ་བཅུར་བྱུང་དང་འབྱུང་བཞིན་པའི་གནད་དོན་ཆེན་པོའི་སྐོར་ལ་ཁ་གཏད་དེ་གླེང་མོལ་མཛད་རྒྱུ་ཡིན་པ་རེད།