ལྷ་ས་གྲོང་ཁྱེར་གྱིས་ད་ལོའི་ལོ་སྟོད་དུ་གནས་སྐོར་བ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཉིས་ལྷག་སྣེ་ལེན་བྱས་པ།
རྩོམ་པ་པོ།:ཚེ་རིང་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་བརྙན་འཕྲིན།
དུས་ཚོད།:2011-07-13
ཀློག་གྲངས།:

ཟླ་བདུན་པའི་ཚེས་བཅུ་ཉིན། གནས་སྐོར་བས་ལྷ་ལྡན་གཙུག་ལག་ཁང་དུ་གནས་སྐོར་བྱེད་བཞིན་པ།

ཟླ་བདུན་པའི་ཚེས་བཅུ་ཉིན། གནས་སྐོར་བ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྩེད་མོར་གཡེང་བཞིན་པ།
ཉེ་ལམ། ལྷ་ས་གྲོང་ཁྱེར་གནས་སྐོར་ཅུའུ་ཡིས་གནས་སྐོར་གྲངས་ཀ་ཁྱབ་བསྒྲགས་བྱས་པ་ལས་ཤེས་པ་ལྟར་ན། ད་ལོའི་ལོ་སྟོད་ལ་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཉིས་ལྷག་སྣེ་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཞེ་གཉིས་ལྷག་འཕར་བ་དང་། གནས་སྐོར་ཡོང་སྒོ་སྒོར་མོ་དུང་ཕྱུར་བཅུ་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་འབུམ་དགུ་ཁྲི་དྲུག་ལྷག་ལ་བསླེབས་ཤིང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་སོ་དགུ་ལྷག་འཕར།
འབྲེལ་ཡོད་འོས་སྦྱོར།
