སྐབས་བཅུ་བའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་མཇུག་བསྒྲིལ་བ།
ཟླ7པའི་ཚེས10ཉིན། སྐབས་བཅུ་བའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགྲན་མཚམས་དགུ་བ་དེ་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་ནས་མཇུག་བསྒྲིལ་བ་རེད། ཐེངས་འདིའི་འགྲན་བསྡུར་ཁྲོད་སི་ལོ་ཝིན་ཉི་ཡ་རུ་ཁག་གིས་རྒྱལ་ཁ་བླངས།
སྐབས་བཅུ་བའི་མཚོ་བསྐོར་འགྲན་བསྡུར་དེ་དུས་ཡུན་ཉིན10ལ་འགྲན་བསྡུར་བྱས་པ་བརྒྱུད། ཀན་སུའུ་ལན་གྲུ་གྲོང་ཁྱེར་ནས་བདེ་བླག་ངང་མཇུག་བསྒྲིལ། ཉིན་དེའི་དགོང་མོར། མཚོ་བསྐོར་འགྲན་བསྡུར་རྩ་འཛུགས་ལྷན་ཚོགས་ཀྱིས་མཇུག་བསྒྲིལ་མཛད་སྒོ་དང་བྱ་དགའ་སྟེར་བའི་དགོང་ཚོགས་བསྡུས། རྒྱལ་ཁབ་ལུས་རྩལ་ཅུའུ་ལྕགས་རྟ་དང་གྲི་རྩལ་བྱ་འགུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ཕན་ཀྲི་ཧྲིན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན། ཀན་སུའུ་ཞིང་ཆེན་དམངས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཚུའེ་ཡུས་ཆིན། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧི་ཡོན། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོང་ཞོན་ཕིན་སོགས་འབྲེལ་ཡོད་འགོ་ཁྲིད་མཛད་སྒོར་ཞུགས།