logo

བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་དབྱི་ཐ་ལི་ཡ་ཧྥེ་ཞིབ་འཇུག་ཁང་གིས་རིག་གཞུང་དཔྱད་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ངག་དབང་། ཡོང་ཁུངས།:བོད་རིག་པའི་དྲ་བ། དུས་ཚོད།:2011-07-11 ཀློག་གྲངས།:


མཉམ་ལས་དྲན་ཐོའི་སྟེང་མིང་རྟགས་འགོད་པ།

            2011ལོའི་ཟླ6ཚེས17ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་དབྱི་ཐ་ལི་ཡ་ཧྥེ་ཞིབ་འཇུག་ཁང་གིས་མཉམ་དུ་རིག་གཞུང་དཔྱད་གླེང་ཚོགས་འདུ་བསྡུས། 
            སྔ་དྲོར་ཕྱོགས་གཉིས་ཀས་རིག་གཞུང་དཔྱད་གླེང་ཚོགས་འདུ་བསྡུས་པའི་སྟེང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དགྲ་འདུལ་དང་།  ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་།   ཆོས་ལུགས་ཞིབ་འཇུག་ཁང་།  བོད་ལུགས་གསོ་རིག་ཞིབ་འཇུག་ཁང་།  དཔེ་དེབ་དཔྱད་ཡིག་ཁང་བཅས་ཀྱི་འབྲེལ་ཡོད་མི་སྣས་སྔ་རྗེས་སུ་རང་སོ་སོའི་སྡེ་ཚན་གྱི་གནས་ཚུལ་དང་། ཞིབ་འཇུག་ཁྱབ་ཁོངས་།  ཞིབ་འཇུག་གྲུབ་འབྲས།  མཉམ་ལས་བརྗེ་རེས་སོགས་མཚམས་སྦྱོར་བྱས་ཤིང་།  དབྱི་ཐ་ལི་ཡ་ཧྥེ་ཞིབ་འཇུག་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དང་ན་པུའུ་ལི་སི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅིག་ལྕོགས་ཧྥོ་ལིང་སི་ཞི་ཁོ་ཏ་རེན་ལིས་དབྱི་ཐ་ལི་ན་པུའུ་ལི་སི་སློབ་ཆེན་དང་ཡ་ཧྥེ་ཞིབ་འཇུག་ཁང་གི་བོད་རིག་པ་ཞིབ་འཇུག་སྐོར་གྱི་གནས་ཚུལ་མཚམས་སྦྱོར་བྱས།  དུས་མཚུངས་སུ་ཕྱོགས་གཉིས་ཀས་མངགས་པའི་མཁས་པས་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས།  བོད་ཀྱི་གསོ་རིག་སྨན་བཅོས་སོགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།


མཉམ་དུ་པར་བསྐྱོན་པ།

            ཕྱི་དྲོར་ཕྱོགས་གཉིས་ཀས་མཉམ་ལས་དྲན་ཐོའིསྟེང་མིང་རྟགས་འགོད་པའི་མཛད་སྒོ་འཚོགས།   ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཡིའུ་ལུའོ་པིན་དང་དབྱི་ཐ་ལི་ ཡ་ཧྥེ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཧྥོ་ལིང་སི་ཞི་ཁོ་སའེ་ཧྥོ་རེས་སྔ་རྗེས་སུ་ཤིས་ཚིག་ཕུལ་ཏེ། ཕྱོགས་གཉིས་ནས་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ནང་བདེ་བླག་ངང་མཉམ་ལས་ཀྱི་ལས་གཞི་སྤེལ་རྒྱུ་དང་།  ལས་གཞི་མཉམ་ལས་བྱས་པ་བརྒྱུད་ཕྱོགས་གཉིས་ཀའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་རེ་འདུན་ཞུས།    བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དགྲ་འདུ་དང་དབྱི་ཐ་ལི་ཡ་ཧྥེ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཧྥོ་ལིང་སི་ཞི་ཁོ་སའེ་ཧྥོ་རེ་གཉིས་ཀྱིས་ཕྱོགས་གཉིས་ཀའི་ཚབས་བྱས་ནས་མཉམ་ལས་དྲན་ཐོའི་སྟེང་མིང་རྟགས་བཀོད།   དེའི་རྗེས་ཕྱོགས་གཉིས་ཀའི་མཁས་པ་རྣམས་ཀྱིས་འབྲེལ་ཡོད་ཀྱི་རིག་གཞུང་ཞིབ་འཇུག་ཁྱབ་ཁོངས་ཀྱི་གནས་ཚུལ་ཐད་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། མཉམ་ལས་བྱེད་པའི་གཞི་སྒྲོམ་ནང་སྔར་བས་མཉམ་ལས་ཀྱི་ནང་དོན་ཇི་ལྟར་ཞིབ་གསལ་བྱེད་རྒྱུའི་ཐད་གྲོས་བསྡུར་གནང་། ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ལེན་ཞང་རྨེན་གྱིས་རིག་གཞུང་དཔྱད་གླེང་ཚོགས་འདུ་དང་མཉམ་ལས་དྲན་ཐོའི་སྟེང་མིང་རྟགས་འགོད་པའི་མཛད་སྒོར་གཙོ་སྐྱོང་མཛད་པ་རེད།


འབྲེལ་ཡོད་འོས་སྦྱོར།