logo

YBCཡིས་ན་གཞོན་ལས་སྐྲུན་པ་རྣམས་ལ་ཚོང་གཉེར་དོ་དམ་བྱེད་ཐབས་སློབ་སྟོན་གནང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2011-07-09 ཀློག་གྲངས།:

        YBCབདེ་ཆེན་ཁུལ་ན་གཞོན་ལས་སྐྲུན་གྱི་སློབ་དཔོན་ཞའོ་ལུའུ་ཞང་གིས་བོད་རིགས་ལས་ཀ་གསར་སྐྲུན་ན་གཞོན་སྐར་མ་ཐར་ལ་ཚོང་གཉེར་དོ་དམ་བྱེད་ཐབས་སློབ་སྟོན་བྱེད་བཞིན་པ།  ཀྲུང་གོ་ན་གཞོན་ལས་སྐྲུན་རྒྱལ་སྤྱིའི་འཆར་གཞི་ནི་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་དང་།  རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པ་གཉིས་ཀྱིས་ཀྲུང་གོའི་ན་གཞོན་ཚོའི་ལས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལས་གཞི་ཅིག་རེད།  2007ལོའི་ཟླ11ནངYBCབདེ་ཆེན་ཁུལ་གཞུང་སྒྲུབ་ཁང་བཙུགས་པ་ནས་བཟུང་།  ན་གཞོན་ལས་སྐྲུན་སློབ་དཔོན52གདན་ཞུ་བྱས་པ་དང་།  གཅིག་ལ་གཅིག་བརྟེན་གྱི་ལས་སྐྲུན་སློབ་སྟོན་བྱས་འོག  ན་གཞོན་ལས་སྐྲུན་པ41ལ་རོགས་འདེགས་བྱས།  དེ་མི་ཚད་ན་གཞོན་ལས་སྐྲུན་པ་རྣམས་ལ་སྐྱེད་ཀ་མི་དགོས་པའི་སྐྱི་དངུལ་ཁྲི203འདོན་སྤྲོད་བྱས་པ་དང་།  གཙོ་བོ་གསོ་སྤེལ་དང་ཟས་རིགས།  ལག་ཤེས་ཐོན་རྫས་ལས་སྣོན།  སྡེབ་ཚོང་དང་ཕྱི་ཚོང་སོགས་ལས་རིགས་གསར་སྐྲུན་ཐད་གཏོང་རྒྱུ་རེད།  ། 


འབྲེལ་ཡོད་འོས་སྦྱོར།