རྔ་བ་ཁུལ་གྱིས་སྐབས13པའི་མཆོང་རྒྱུག་ལུས་རྩལ་འགྲན་ཚོགས་མོང་རྫོང་དུ་བསྡུས་པ།
ལུས་རྩལ་ར་བའི་ཡུལ་དངོས།
《མཐོ་སྒང་གི་གོམ་སྒྲ》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོ།
《མཐོ་སྒང་གི་གོམ་སྒྲ》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོ།
ལུས་རྩལ་ར་བའི་ཡུལ་དངོས།
ཟླ7པའི་ཚེས5ཉིན་གྱི་སྔ་དྲོ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། རྔ་བ་ཁུལ་ལུས་རྩལ་ཅུའུ་དང་རྔ་བ་ཁུལ་སློབ་གསོ་ཅུའུ། མོང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པའི་རྔ་བ་ཁུལ་སྐབས13པའི་མཆོང་རྒྱུགས་ལུས་རྩལ་འགྲན་ཚོགས་དང་སྐབས7པའི་སློབ་འབྲིང་སློབ་མའི་ལུས་རྩལ་མཆོང་རྒྱུགས་ལུས་རྩལ་འགྲན་ཚོགས་མོང་རྫོང་དུ་བསྡུས། མགོ་རྩོམ་པའི་མཛད་སྒོ《མཐོ་སྒང་གི་གོམ་སྒྲ》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོ་ནས་འགོ་བརྩམས་པ་དང་། ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོ་ནས་ཡོང་བའི་འཐུས་ཚབ་རུ་ཁག16དང་། མོང་རྫོང་གི་མང་ཚོགས1000ལྷག་ལུས་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་ཡོད།