རྨ་ཆུ་འབྱུང་ཡུལ་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོང་གི་ཆེད་མཁས་པའི་གྲོས་འདྲི་ཞིབ་བསྡུར་ཚོགས་འདུ།
ཟླ7པའི་ཚེས8ཉིན། དམངས་གཙོ་མནའ་མཐུན་ཀྲུང་དབྱང་དང་ཆུ་བེད་པུའུ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྨ་ཆུའི་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་དང་སྐྱེ་མཁས་སྲུང་སྐྱོང་གི་ཆེད་མཁས་པའི་གྲོས་འདྲི་ཞིབ་བསྡུར་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་འཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཀྲུའུ་ཞི་ཅང་ཧྲུའུ་ཧྲིན་ཞིབ་སྡུར་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་ཚོགས་འདུ་ཞུགས་པ་མ་ཟད་གཏམ་བཤད། ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཟི་དབྱི་ཡིས་ཚོགས་འདུར་འགོ་འཛིན་མཛད། དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཀྲུའུ་ཞི་གཞོན་པ་སའོ་ལིས་ཧྲིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མའོ་ཏུང་ཧྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན། ཆུ་བེད་པུའུ་སྤྱིའི་ཇུས་འགོད་པ་ཝང་ཧུང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར། ཞིང་ཆེན་སྲིད་་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་པའོ་དབྱི་ཀྲི་བཅས་དང་རྒྱལ་ནང་གི་མིང་གྲགས་ཆེ་བའི་ཆེད་མཁས་པ་དང་མཁས་པ་སོགས་ཚོགས་འདུར་ཞུགས།
ཅང་ཧྲུའུ་ཧྲིན་གྱིས་གཏམ་བཤད་ཁྲོད་མཚོ་སྔོན་གྱིས་ཉེ་བའི་ལོ་འགའི་རིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་རི་བཀག་ནགས་གསོ་དང་བྱེ་འགོག རྨོ་བསྐྱུར་ནགས་འཛུགས། ཕྱུགས་བསྐྱུར་རྩྭ་སྐྱོང་། སྔོ་ཤུན་སླར་གསོ་དང་རྨ་ཆུའི་འབྱུང་ཡུལ་དུ་མིས་ཆར་འབེབས་པ་སོགས་ཀྱི་བྱ་བར་གདེང་ལེགས་པོ་གནང་ལ། ཁོང་གིས་མ་ཡུམ་ཆུ་བོ་གཉིས་ཀྱི་འབྱུང་ཡུལ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུངས་གཙོ་བོའི་ཆུ་བེད་འདོན་སྤེལ་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་པས། མཚོ་སྔོན་ཞིང་ཆེན་དེ་དམིགས་བསལ་ས་ཁུལ་དུ་གཏན་འཁེལ་བྱས་ཏེ་དམིགས་བསལ་གྱི་སྲིད་ཇུས་རོགས་སྐྱོར་བྱེད་པ་དང་། མཚོ་སྔོན་གྱི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན་ལ། ཆང་ཝེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འགོ་ཁྲིད་དང་ཆེད་མཁས་པར་བཀའ་དྲིན་ཞུས་པ་རེད།
ཚོགས་འདུའི་སྟེང་། ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་དང་ཆུ་བེད་པུའུ་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཚོགས་ཀྱི་སྤྱིའི་ཇུས་འགོད་པ་ཞུའེ་སུང་ཀོས་གཉིས་ཀྱིས་སོ་སོར་ཆེད་དོན་སྙན་ཞུ་ཕུལ། ཆུ་བེད་པུའུ་སྤྱིའི་ཇུས་འགོད་པ་ཝང་ཧུང་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའམ་ཀྲུང་གོ་ཆུ་བེད་ཆུ་གློག་ཚན་རིག་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཝང་ཧའོ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་།