logo

ཡུན་ནན་བདེ་ཆེན་གྱིས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱས་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-08 ཀློག་གྲངས།:
            ན་ནིང་ནས་བཟུང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་གིས་ནང་མཁོ་རྒྱ་བསྐྱེད་པ་དང་། ཀྲུང་དབྱང་གི་སྐོར་ཐེངས་ལྔ་བའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ། ཡུན་ནན་ཞིང་ཆེན་ཏང་ཨུའི་བོད་ཁུལ་བྱ་བའི་བཞུགས་མོལ་ཚོགས་འདུ་སོགས་ཀྱི་གོ་སྐབས་ཆེན་པོ་དམ་འཛིན་བྱས་ཏེ། མ་དངུལ་བཏང་ནས་འཐབ་ཕྱོགས་ལ་ཡར་སྐུལ་གཏོང་བ་རྒྱུན་འཁྱོངས་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་བ་འཚོལ་ཞིབ་བྱས། ད་ལོའི་ལོ་སྟོད་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་གཏོང་བའི་ཚད་དེ་སྔོན་རྩིས་བྱས་ན་སྒོར་མོ་དུང་ཕྱུར་ཞེ་གཉིས་ལྷག་ལ་བསླེབས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་ལྷག་འཕར། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་སྒོ་སྒོར་མོ་དུང་ཕྱུར་བཞི་ལྷག་ལ་བསླེབས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བརྒྱ་དང་གསུམ་ལྷག་འཕར།
 


འབྲེལ་ཡོད་འོས་སྦྱོར།