logo

གཞིས་ཀ་རྩེའི་གནམ་གྲུ་འབབ་ཐང་སྤྱི་ཟླ7པའི་ཚེས8ཉིན་དངོས་སུ་བེད་སྤྱོད་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-07-07 ཀློག་གྲངས།:


གཞིས་རྩེའི་གནམ་གྲུ་འབབ་ཐང་གི་འཆར་འགོད་རི་མོ།

            གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་ཀུང་སིའི་གཞིས་རྩེ་ས་ཚིགས་ཀྱིས་སྒྲིག་འཛུགས་བྱས་པའི་མཁའ་ཐོག་སྐྱེལ་འདྲེན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་ཡུལ་དངོས་ནས་ཤེས་རྟོགས་བྱུང་བ་ལྟར་ན། གཞིས་ཀ་རྩེའི་གནམ་གྲུ་འབབ་ཐང་དེ་སྤྱི་ཟླ7པའི་ཚེས8ནས་དངོས་སུ་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་ཡིན་ཞིང་། དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60 འཁོར་བར་ལེགས་སྐྱེས་འབུལ་བའི་རྣམ་གྲངས་གལ་ཆེན་ཞིག་རེད།


གཞིས་རྩེའི་གནམ་གྲུ་འབབ་ཐང་ལེགས་གྲུབ་བྱུང་བའི་མཛད་སྒོ།

            དམངས་སྤྱོད་མཁའ་འགྲུལ་ཀུང་སིའི་གཞིས་རྩེ་ས་ཚིགས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གནམ་གྲུ་འབབ་ཐང་གི་འཕུར་སྐྱོད་ལམ་ཐིག་དེ་ཁྲེང་ཏུའུ་ནས་གཞིས་རྩེ་བར་ཡིན་ཞིང་། གཟའ་འཁོར་རེའི་རེས་གཟའ་ཟླ་བ་དང་ལྷག་པ། པ་སངས་བཅས་ཀྱི་ཞོགས་པའི་ཆུ་ཚོད6དང་སྐར་མ55ཡི་ཐོག་ཁྲེང་ཏུའི་ཧྲོང་ལིའུ་གནམ་གྲུ་བབ་ཐང་ནས་འཕུར་འགོ་འཛུགས་རྒྱུ་དང་། གཞིས་རྩེ་གནམ་གྲུ་འབབ་ཐང་གི་འཕུར་འགོ་འཛུགས་པའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད10དང་སྐར་མ10ཡི་ཐོག་ཡིན་པ་རེད། དེང་སྐབས་གཞིས་རྩེའི་གནམ་གྲུ་འབབ་ཐང་གི་མི་སྣར་སྦྱོང་བརྡར་སྤྲོད་པ་དང་སྒྲིག་བཀོད་སྒྲིག་ཆས་འཁོར་རྒྱུག་ཚོད་ལྟ་བཅས་ཚང་མ་ལེགས་གྲུབ་ཟིན་ནས། གནམ་གྲུ་འཕུར་སྐྱོད་བྱེད་ཆོག་པའི་ཚད་གཞིར་སླེབས་ཡོད་པ་རེད། 

 
གཞིས་རྩེའི་གནམ་གྲུ་འབབ་ཐང་ལེགས་གྲུབ་བྱུང་བའི་མཛད་སྒོ།

            སྐུ་མགྲོན་ལ་ཞབས་འདེགས་ལེགས་པོ་ཞུ་ཆེད། དམངས་སྤྱོད་མཁའ་འགྲུལ་ཀུང་སིའི་གཞིས་རྩེའི་ས་ཚིགས་ཀྱིས་གཞིས་རྩེ་གྲོང་ཁུལ་དུ་གནམ་གྲུའི་སྤ་སེ་འཚོང་ས་བཙུགས་པ་མ་ཟད། དམངས་སྤྱོད་མཁའ་འགྲུལ་གྱི་རྒྱུན་ཚིགས་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པ་རེད། 
            ཤེས་རྟོགས་བྱུང་བ་ལྟར་ན། གཞིས་རྩེའི་གནམ་གྲུ་འབབ་ཐང་དེ་གཞིས་རྩེ་གྲོང་ཁུལ་ནས་བར་ཐག་སྤྱི་ལེ 48སར་གནས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར4.89བཏང་བའི་གནམ་གྲུ་འབབ་ཐང་རྒྱ་བསྐྱེད་ལས་གཞི་དེ2009ལོའི་ཟླ་བ4པའི་ཚེས29ཉིན་ལས་འགོ་ཚུགས་པ་རེད།


འབྲེལ་ཡོད་འོས་སྦྱོར།