ཡུལ་ཤུལ་སེང་མཛེས་རྒྱ་ནག་མ་ཎི་རྡོ་འབུམ་གྱི་རིག་དངོས་སྲུང་སྐྱོབ་སླར་གསོའི་ལས་གཞི་མགོ་བརྩམས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2011-07-06
ཀློག་གྲངས།:

ས་ཡོམ་མ་བྱུང་གོང་གི་སེང་མཛེས་རྒྱ་ནག་མ་ཎི་རྡོ་འབུམ།

ས་ཡོམ་མ་བྱུང་གོང་གི་སེང་མཛེས་རྒྱ་ནག་མ་ཎི་རྡོ་འབུམ།
ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་སྐྱེ་རྒུ་གྲོང་རྡལ་གྱི་སེང་མཛེས་གྲོང་ཚོ་ནས་ཡུལ་ཤུལ་སེང་མཛེས་རྒྱ་ནག་མ་ཎི་རྡོ་འབུམ་གྱི་ས་ཡོམ་གནོད་འཚེའི་རྗེས་ཀྱི་རིག་དངོས་སྲུང་སྐྱོབ་སླར་གསོ་བྱ་བའི་ལས་གཞི་མགོ་རྩོམ་པའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཡུལ་ཤུལ་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞུའུ་ཧྥུའུ་ཧྲོན་སོགས་མགོ་ཁྲིད་པ་ལས་གཞི་མགོ་རྩོམ་པའི་མཛད་སྒོར་ཞུགས།

ས་ཡོམ་མ་བྱུང་གོང་གི་སེང་མཛེས་རྒྱ་ནག་མ་ཎི་རྡོ་འབུམ།

ས་ཡོམ་མ་བྱུང་གོང་གི་སེང་མཛེས་རྒྱ་ནག་མ་ཎི་རྡོ་འབུམ།
ཡུལ་ཤུལ་རྒྱ་ནག་མ་ཎི་རྡོ་འབུམ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་རྡལ་སེང་མཛེས་གྲོང་ཚོར་ཡོད་པ་དང་། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་ཐོག་མར་བཞེངས་བ་ཞིག་ཡིན་ལ། སྤྱི་ལོ2006ལོའི་ཟླ5བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་སྐོར་ཐེངས་དྲུག་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བདམས། བཞི་བའི་བཅུ་བཞིའི་ཉིན་གྱི་ས་ཡོམ་ཆེན་པོ་བྱུང་རྗེས། ཏང་དང་རྒྱལ་ཁབ་ཀྱིས་ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་རིག་དངོས་མྱུར་སྐྱོབ་སྲུང་སྐྱོབ་ཐད་ལ་སེམས་ཁུར་ཆེན་པོ་གནང་བ་མ་ཟད། དེའི་ཐད་ལ་ཆེད་དུ་མྱུར་སྐྱོབ་དང་ཞིག་གསོའི་ཁ་གསབ་རོགས་དངུལ་བྱིན། རྒྱལ་ཁབ་རིག་དངོས་ཅུའུ་ཡི་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ནང་གི་སྔོན་ཐོན་ཇུས་འགོད་ལས་ཁུངས་ཏེ་ཀྲུང་གོའི་རིག་དངོས་ཤུལ་བཞག་ཞིབ་འཇུག་གླིང་ལ་སེང་མཛེས་རྒྱ་ནག་མ་ཎིའི་སྤྱིའི་སྲུང་སྐྱོབ་འཆར་འགོད་དང་ཞིག་གསོའི་ལས་གཞི་ཇུས་འགོད་བྱེད་དགོས་པའི་མངག་བཅོལ་གནང་། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། པེ་ཅིང་གྲོང་ཁྱེར་ཡོན་ལིན་གནའ་ཤུལ་བཟོ་སྐྲུན་འཛུགས་སྐྲུན་ཀུང་ཟི་སོགས་ལས་ཁུངས་ཀྱིས་སེང་མཛེས་རྒྱ་ནག་མ་ཎི་རྡོ་འབུམ་མྱུར་སྐྱོབ་ཞིག་གསོ་བྱེད་མགོ་བརྩམས།