2011ལོའི་ལན་གྲུ་རྒྱལ་སྤྱིའི་མཱ་ལ་སོན་འགྲན་བསྡུར་མཛད་སྒོ་བསྡུས་པ།

ནུབ་བྱང་མི་རིགས་སློབ་ཆེན་གྱི་རིགས་སོ་སོའི་དགེ་སློབ་རྣམ་པ2011ལོའི་ལན་གྲུ་
རྒྱལ་སྤྱིའི་མཱ་ལ་སོན་འགྲན་བསྡུར་མཛད་སྒོ་ལ་ཞུགས་པ།
ཟླ7པའི་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད8ཀྱི་སྟེང་། 2011ལོའི་རྒྱལ་སྤྱིའི་མཱ་ལ་སོན་རྒྱང་རྒྱུགས་འགྲན་བསྡུར་གྱི་མཛད་སྒོ་སྟེ་ཀྲུང་གོའི་ལན་གྲུ་གྲོང་ཁྱེར་གྱི་ཤར་ཕྱོགས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས། ཨ་མེ་རུ་ཁ་དང་འཇར་པན། ཨུ་རུ་སུ། ཞང་ཀང་། ཐེ་ཝན་བཅས་རྒྱལ་ཁབ་དང་གྲོང་ཁྱེར16ལྷག་ནས་ཡོང་བའི་ཆེད་ལས་ལུས་རྩལ་པ་དང་། གཞན་རྒྱལ་ནང་གི་མཐོ་རིམ་སློབ་ཆེན་ཁག་གི་སློབ་མ་བཅས་ཁྱོན་བསྡོམས་འགྲན་ཞུགས་ལུས་རྩལ་པ18750ཡོད་པ་རེད།

ནུབ་བྱང་མི་རིགས་སློབ་ཆེན་གྱི་རིགས་སོ་སོའི་དགེ་སློབ་རྣམ་པ2011ལོའི་ལན་གྲུ་
རྒྱལ་སྤྱིའི་མཱ་ལ་སོན་འགྲན་བསྡུར་མཛད་སྒོ་ལ་ཞུགས་པ།
ནུབ་བྱང་མི་རིགས་སློབ་ཆེན་གྱི་གུང་གཞོན་ཚོགས་པས་ཀྱང་གྲངས་ཉུང་མི་རིགས་ཀྱི་སློབ་མ80ལྷག་རྩ་འཛུགས་བྱས་ཏེ་ཐེངས་འདིའི་འགྲན་ཚོགས་མགོ་ཚུགས་མཛད་སྒོ་སྟེང་ཞུགས་ཡོད། ལུས་ལ་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གྱོན་པ་སྣ་ཚོགས་སྤྲས་པ་ལ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོག་ཅིང་ཕན་ཚུན་ཁ་བརྡ་བྱེད་པ་དང་། མཉམ་པར་ལེན་པ་སོགས་ཐེངས་འདིའི་རྒྱང་རྒྱུགས་འགྲན་བསྡུར་གྱི་གོ་རིམ་ལ་རྣམ་པའམ་ཁྱད་ཆོས་གསར་བ་གང་ལེགས་བསྐྲུན་ཡོད།
ཐེངས་འདིའི་འགྲན་བསྡུར་ནི་ཀན་སུའུ་ཞིང་ཆེན་གྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་། འགྲན་ཞུགས་ལུས་རྩལ་པ་ཆེས་མང་བ། རྒྱལ་ཁབ་ཕྱི་ནང་དུ་གྲགས་འགུལ་ཆེས་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་རིགས་སོ་སོའི་སློབ་མ་རྣམས་ཐེངས་འདིའི་འགྲན་བསྡུར་གྱི་ཤན་འབྱེད་པ་དང་། འགྲན་ཞུགས་ལུས་རྩལ་པ། འཁྲབ་སྟོན་པ། དང་བླངས་པ་བཅས་ཀྱི་འགན་ཁུར་བ་ལ་སྤྱི་ཚོགས་ཀྱི་བསྟོད་བསྔགས་ཆེན་པོ་གནང་བ་རེད།
