logo

མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་གྱི་ཟུར་ཙམ།

རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-07-06 ཀློག་གྲངས།:


མཛད་སྒོའི་ཡུལ་དངོས། 

 
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ་དང་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་མོའུ་
ཏུང་ཧྲིན། སངས་རྒྱས་བཅས་གདན་དྲངས་བ་ལྟར་ཉིན་དེའི་མཛད་སྒོར་ཞུགས་ཡོད།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་ཅིན་ཧེ་ཡིས་མགྲོན་བསུའི་ཤིས་ཚིག་ཕུལ།

            ཁོར་ཡུག་རྒྱ་མཚོ་མེ་རེ་རེ།། ཉ་མོ་ཟས་འཚོལ་ཤ་ར་ར།། རྦ་རླབས་སྣ་ཚོགས་ཉི་ལི་ལི།། ཆུ་བྱ་སྐད་སྙན་ཀྱུ་རུ་རུ།། དེ་ལྟར་ངོ་མཚར་མཐའ་ཡས་པ།།ཞེས་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱིས་སྙན་དབང་གསོ་བའི་མགུར་གླུ་ཚན་པ་དེས་སྣེ་དྲངས་ནས་ང་ཚོའི་ཡིད་ཀྱི་ཆིབས་ཁ་ཡང་མཚོ་སྨན་ཁྲི་ཤོར་རྒྱལ་མོའི་བྱང་ངོགས་གྱི་གཡུ་གཞུང་རྐང་ཚར་བསྒྱུར་ནས། གནས་དེའི་དབྱར་ཟླ་དྲུག་པའི་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་དུས་ཆེན་གྱི་ངོ་མཚར་ལྟད་མོར་རོལ་བར་ཕེབས།

 
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མས“2011ལོའི་མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་ཆུར་
གཏོང་དང་ཉ་གཟིགས་སྲོག་བླུའི་དུས་ཆེན”འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
 
ཞིང་ཆེན་དང་ཁུལ་རིམ་པའི་འགོ་ཁྲིད་པ་རྣམས་ཀྱིས“2011ལོའི་མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་ཆུར་
གཏོང་དང་ཉ་གཟིགས་སྲོག་བླུའི་དུས་ཆེན”གྱི་མཛད་སྒའི་འཁྲབ་སྟོན་ལ་གཟིགས་བཞིན་པ།
 
རྐང་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་མགོན་པོ་བཀྲ་ཤིས“2011ལོའི་མཚོ་སྔོན་པོའི་
ཙོང་ཉ་སྐྱོང་སྤེལ་ཆུར་གཏོང་དང་ཉ་གཟིགས་སྲོག་བླུའི་དུས་ཆེན”ཞུགས་ཡོད་པ།
 
ཀླུ་རིགས་ཚེ་ཐར་བཏང་བས་ཀླུ་མོ་དགྱེས་པའི་དངོས་གྲུབ་ཆར་དུ་འབེབས་པའི་
བྱིན་བླབས་སེམས་ཀྱིས་མྱོངས་བཞིན་པའི་ཕྱོགས་འདུས་མགྲོན་པོའི་ཚོགས།

            གཡུ་ཡི་ཞུན་ཐིགས་ལྟར་འཁྱིལ་བའི་མཚོ་སྨན་ཁྲི་ཤོར་རྒྱལ་མོ་ནི་མཐོ་སྒང་གི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ལ། གནས་འདིར་མཁའ་ལ་འདབ་ཆགས་རྩེན་ཞིང་ཆུ་ལ་ཉ་མོ་འཁྱུག་པའི་སྣོད་བཅུད་རྟེན་འབྲེལ་མ་འཆོལ་བའི་ངོ་མཚར་ལྟད་མོ་རང་བྱུང་སྒོས་ངོམས་ཡོད་ལ། སྒོས་སུ་ལོ་རེའི་མཚོ་སྔོན་པོའི་གསེར་ཉ་རྒྱུད་སྤེལ་ཕྱིར་རྒྱུའི་རྣམ་པ་ནི་མིའི་བློ་ཡིད་ལ་ཤོང་དཀའ་བའི་ངོ་མཚར་ཡུལ་ལྗོངས་ཤིག་ཏུ་རང་ཤུགས་སུ་གྲུབ་པས་ན། རྐང་ཚ་རྫོང་སྲིད་གཞུང་གིས་ཀྱང་ངོ་མཚར་གྱིས་ཕྱུག་པའི་རང་བྱུང་ལྟད་མོ་དེ་ཡུལ་སྐོར་མགྲོན་འགུག་གི་ལས་གཞི་གལ་ཆེན་ཞིག་དུ་བཀོད་ནས་གཞི་ཁྱོན་ཅན་གྱིས་དར་སྤེལ་བྱེད་བཞིན་ཡོད་ལ། “2011ལོའི་མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་ཆུར་གཏོང་དང་ཉ་གཟིགས་སྲོག་བླུའི་དུས་ཆེན”དེ་ནི་རྐང་ཚའི་མཚོ་མོའི་རིག་གནས་ཡུལ་སྐོར་གྱི་ནང་ཚན་གཙོ་བོར་བགྲང་ཡོད།

 
སྟངས་སྟབས་གར་གྱིས་མི་དང་རང་བྱུང་འཆམ་ཞིང་མཐུན་པའི་སྐྱིད་དགའི་ཡང་སྙིང་མཚོན།
 
སྙན་མོ་གླུ་ཡིས་འབྱོར་ཕྱུག་རྐང་ཚའི་མི་དང་རང་བྱུང་མཉམ་དུ་གནས་བའི་དུས་ཀྱི་རང་སྒྲ་སྒྲོག
 
“2011ལོའི་མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་ཆུར་གཏོང་དང་ཉ་གཟིགས་
སྲོག་བླུའི་དུས་ཆེན”ཉ་མོ་ཚེ་ཐར་གཏོང་བའི་བྱ་འགུལ་གྱི་ཡུལ་དངོས།

“2011ལོའི་མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་ཆུར་གཏོང་དང་ཉ་གཟིགས་
སྲོག་བླུའི་དུས་ཆེན”ཉ་མོ་ཚེ་ཐར་གཏོང་བའི་བྱ་འགུལ་གྱི་ཡུལ་དངོས།

            “2011ལོའི་མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་ཆུར་གཏོང་དང་ཉ་གཟིགས་སྲོག་བླུའི་དུས་ཆེན”གྱི་མཛད་སྒོ2011ལོའི་ཟླ7པའི་ཚེས4ཉིན་གཡུ་གཞུང་རྐང་ཚའི་འོམ་ཆུ་འགྲམ་གྱི་གསེར་ཉའི་གཞིས་ཁྱིམ་དུ་འབོད་པའི་ཚོམས་རར་གཟབ་རྒྱས་ངང་བསྡུས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཉི་མ་སྒྲོལ་མས་མཛད་སྒོར་འགོ་འཛིན་བྱས།


“2011ལོའི་མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་ཆུར་གཏོང་དང་ཉ་གཟིགས་སྲོག་
བླུའི་དུས་ཆེན”ཉ་མོ་ཚེ་ཐར་གཏོང་བའི་བྱ་འགུལ་གྱི་ཡུལ་དངོས།

“2011ལོའི་མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་ཆུར་གཏོང་དང་ཉ་གཟིགས་
སྲོག་བླུའི་དུས་ཆེན”ཉ་མོ་ཚེ་ཐར་གཏོང་བའི་བྱ་འགུལ་གྱི་ཡུལ་དངོས།
 
འོམ་དཀར་ཆུ་བོའི་འགྲམ་གྱི་མཚོ་སྔོན་པོའི་གསེར་ཉའི་གཞིས་ཁྱིམ།

འོམ་དཀར་གཙང་བོའི་ཕྱེད་ཙམ་ཆུ་དང་ཕྱེད་ཙམ་ཉ་མོས་ཁེངས་བའི་ངོ་མཚར་ལྟད་མོ།

            རང་རྒྱལ་ལ་མཚོན་ན་གནས་འདི་ཁོ་ནར་ཉ་མོ་རྒྱུད་སྤེལ་འཁྱུག་བགྲོལ་གྱི་ངོ་མཚར་ལྟད་མོ་ཉམས་སུ་མྱོངས་ཐུབ་པ་ཡིན་ལ། སྔོན་ཆད་གཙང་བོ་འདིའི་འགྲམ་གཉིས་སུ་འོམ་བུའི་ཚང་ཚིང་སྟུག་པོར་བཀྲ་བས་ན་འོམ་ཆུ་ཞེས་པའི་མིང་འདི་ཐོག་པ་ཡིན།ཆུ་བོ་འདིའི་མགོ་ཁུངས་ནི་རྐང་ཚའི་ནུབ་བྱང་ཕྱོགས་ཀྱི་བསང་རྫ་རི་བོ་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ95ཡོད་པའི་མཚོ་སྔོན་པོའི་ཡན་ལག་ཅིག་ཡིན།ལོ་རེའི་སྤྱི་ཟླ6པ་ནས8པའི་བར་མཚོ་སྔོན་པོའི་གསེར་ཉ་གཙང་བོ་འདི་བརྒྱུད་དེ་གྱེན་ལ་རྐྱལ་ནས་རྒྱུད་སྤེལ་བའི་སྲོལ་ཡོད་པས། དུས་དེར་གཙང་བོ་འདིའི་ཕྱེད་ཙམ་ཆུ་དང་ཕྱེད་ཙམ་ཉ་མོས་ཁེངས་བའི་ངོ་མཚར་རང་བྱུང་ལྟད་མོ་ཞིག་རང་ཤུག་སུ་གྲུབ་འདུག


འབྲེལ་ཡོད་འོས་སྦྱོར།