མཚོ་བསྐོར་ལྕགས་རྟ་འགྲན་སྡུར་གྱི་འགྲན་ཐེངས3པའི་ཁྲོད་དུ་ཀི་ལེ་ཀི་ཡིས་ཨང་དང་པོ་བླངས་པ།
རྩོམ་པ་པོ།:ཕྱུག་ལོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-07-06
ཀློག་གྲངས།:


ཀི་ལེ་ཀི་ཡིས་ཨང་དང་པོ་བླངས་ཏེ་ལྭ་བ་སེར་བོ་གྱོན་ཡོད་པ།
མཚོ་བསྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅུ་བའི་འགྲན་ཐེངས3པའི་འགྲན་སྡུར་ཚེས4ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་མཚོ་སྔོན་པོའི་འགྲམ་ནས་བསྡུས། དྲོད་ཚད་ལ་དྲོད་གྲངས12མ་གཏོགས་མེད་པ་དང་རླུང་ཅུང་ཆེ་བས། འགྲན་ཞུགས་པར་འགྲན་ཅུང་ཆེན་པོ་བསླངས། འགྲན་སྡུར་གྱི་ལམ་ཐག་ཕྱེད་ཀ་བརྒྱུད་རྗེས། སི་ལོ་ཝུན་ཉི་ཡ་རྒྱལ་ཁབ་ཀྱི་ཕུའུ་ཐུའུ་དབྱི་ལྕགས་རྟ་རུ་ཁག་གི་ཀི་ལེ་ཀི་དང་ཧ་སག་སི་ཐན་རྒྱལ་ཁབ་ལྕགས་རྟ་རུ་ཁག་གི་ཏི་མེ་ཐིི་ལེ་གཉིས་འགྲན་ཞུགས་པ་རྣམས་ཀྱི་སྔོན་དུ་བུད་པ་དང་། འགྲན་ཞུགས་པ་གཞན་པའི་བར་གྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་། མཇུག་མཐར་ཀི་ལེ་ཀི་ཡིས་ཨང་དང་པོ་བླངས་པ་དང་། ཏི་མེ་ཐི་ལེ་ལ་ཨང2པ་ཐོབ།
འབྲེལ་ཡོད་འོས་སྦྱོར།
