བོད་ལྗོངས་ཀྱི་གློ་བ་ཞེས་གྲགས་པའི་ལྷ་ཀླུའི་འདམ་ར།
རྒྱལ་ཁབ་རིམ་པའི་རང་བྱུང་སྲུབ་སྐྱོང་ཁུལ་གྱི་གྲས་སུ་ཚུད་ཡོད་པའི་ལྷ་སའི་ལྷ་ཀླུ་འདམ་ར་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་འདབས་སུ་གནས་ཡོད་ཅིང་། དེ་ནི་ཀྲུང་གོའི་རྒྱ་མཚོའི་ངོས་ལ་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་ལ་གྲོང་ཁྱེར་གྱི་སྐམ་སའི་དབུས་ཁུལ་གྱི་འདམ་ར་འབའ་ཞིག་དེའང་ཡིན། ལྷ་ཀླུའི་འདམ་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12.2ཡོད་པ་དང་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6.6ཡོད་པ་དེས་ལྷ་སའི་གྲོང་ཁུལ་རྒྱ་ཁྱོན་གྱི་བརྒྱ་ཆའི11.5བཟུང་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་ལྷ་ཀླུའི་འདམ་རར་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཆབས་ཅིག་ལྷ་སའི་ལྷ་ཀླུའི་འདམ་རའི་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་སོང་ཡོད།

སྔོ་ཐིང་ངེར་གནས་པའི་ལྷ་སའི་ལྷ་ཀླུའི་འདམ་ར།

ལྷ་སའི་ལྷ་ཀླུའི་འདམ་རའི་ནང་འཕུར་བཞིན་པའི་ངང་སེར་ཞིག
