logo

རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཧུའུ་ཀྲུའུ་རྫོང་ནས་འགོ་བརྩམས་པ།

རྩོམ་པ་པོ།:ཞའོ་ཡན། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-04 ཀློག་གྲངས།:


སྐབས་བཅུ་བའི་རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཧུའུ་ཀྲུའུ་རྫོང་ནས་འགོ་བརྩམས་པ།

 
            ཟླ7པའི་ཚེས2ཉིན་གྱི་དགོང་མོར། སྐབས་བཅུ་བའི་རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟན་འགྲན་བསྡུར་གྱི་མགོ་རྩོམ་པའི་མཛད་སྒོ་ཧུའུ་ཀྲུའུ་རྫོང་ནས་གཟབ་རྒྱས་ངང་བསྡུས།
            རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཞའོ་ཐེན་དང་། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཐེན་ཅིན། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧོ་ཡོན། ཨན་ཧོས་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཞེ་ཀོང་ཞང་དང་ད་རུང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས། ཀྲུང་གོ་ལྗང་སྒྱུར་ཐེབས་རྩ་ཚོགས་པ། ཀྲུང་གོ་ཁོར་ཡུག་ཚན་རིག་སློབ་ཚོགས་བཅས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བ་སོགས་སྐུ་མགྲོན་མགོ་རྩོམ་པའི་མཛད་སྒོར་ཞུགས།
            མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་བང་ཞའོ་ཆིན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ལིས་ཅོན་སོགས་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་མགོ་རྩོམ་པའི་མཛད་སྒོར་ཞུགས།
            ཀྲང་ཅན་མེན་གྱིས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས། ལོ་ཧོས་ཉིན་དང་ཞའོ་ཐེན་གཉིས་ཀྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་སྔ་གཞུག་ཏུ་ཞུ་ཚིག་ཕུལ།
            ལོ་ཧོས་ཉིན་གྱིས་ཞུ་ཚིག་འབུལ་སྐབས། ཐོག་མར་རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། སྐུ་མགྲོན་རྣམ་པ་དང་། འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པ། གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།
            ལོ་ཧོས་ཉིན་གྱིས་བཤད་རྒྱུར། རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ནས་ལོ་བཅུ་འགོར་བ་དང་། ད་ལྟ་འགྲན་བསྡུར་དེ་ཨེ་ཤ་ཡའི་རིམ་པ་ཆེས་མཐོ་ཞིང་རྒྱལ་སྤྱིའི་མཚན་སྙན་ལྡན་པའི་ལྕགས་རྟ་འགྲན་བསྡུར་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ལ་འགྱུར་ལྡོག་ཆེན་པོ་གསུམ་ཡོད་པ་སྟེ། གཅིག་ནས་འགྲན་བསྡུར་ལ་ཞུགས་པའི་རུ་ཁག་ཉེར་གཉིས་ལ་སླེབས་པ་དང་། འགྲན་བསྡུར་རུ་ཁག་མང་ཞིང་ཆུ་ཚད་མཐོ་བ་དང་། གཉིས་ནས་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག འགྲན་བསྡུར་གྱི་མཇུག་མཐའི་ལམ་ཐིག་གཉིས་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་ནས་འགྲན་བསྡུར་བྱེད་རྒྱུ་ཡིན་པ། གསུམ་ནས་མིང་དུ་གྲགས་པའི་ཁེ་ལས་སུམ་ཅུ་ཡིས་ཐེངས་འདིའི་འགྲན་བསྡུར་ལ་རྒྱབ་སྐྱོར་བྱས་པས། འགྲན་སྡུར་གྱི་བྱ་དགའ་ཨ་མེ་རི་ཁའི་སྒོར་མོ་འབུམ་ལྔར་ཇེ་མང་དུ་བཏང་སྟེ་ཨེ་ཤ་ཡའི་རིམ་པ་དང་པོའི་འགྲན་བསྡུར་གྱི་བྱ་དགའི་སྒོར་མོ་ཆེས་མང་པོ་ཞིག་ཏུ་གྱུར། དེ་ལས་རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཆེད་ལས་ཅན་དང་ཚོང་ར་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བ་མཚོན་ཡོད་ཟེར།
            མགོ་རྩོམ་པའི་མཛད་སྒོའི་སྟེང་། མདོ་འཛིན་པས་རྒྱལ་སྤྱིའི་ལྕགས་རྟ་མནའ་མཐུན་གྱི་ཀྲུའུ་ཞི་སྐུ་ཞབས་ཕ་ཐི་མེད་ཁོས་ཏེ་ཡི་ཞུ་ཚིག་ཁྱབ་སྒྲོག་བྱས།
            དུས་ཚོད་ཉེར་གཅིག་དང་སྐར་མ་སུམ་ཅུ་ཡས་མས་སུ། ཆང་བེ་དང་ཞའོ་ཐེན། ཐེན་ཅིན། ཧོ་ཡོན་བཅས་ཀྱིས་མཉམ་དུ་སྐབས་བཅུ་བའི་རྒྱལ་སྤྱིའི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་སྡུར་མགོ་རྩོམ་པའི་གློག་སྒོ་ཕྱེས།


འབྲེལ་ཡོད་འོས་སྦྱོར།