logo

བཀྲ་ཤིས་རྡོ་རྗེ་ལ་ཀྲུང་གོའི་ནུབ་རྒྱུད་སྐྱེ་ཁམས་སྲུང་སྐྱོང་གསར་གཏོད་བྱས་རྗེས་ཀྱི་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-01 ཀློག་གྲངས།:


གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་བཀྲ་ཤིས་རྡོ་རྗེ་ལགས། 

           ཉེ་ལམ།   མང་ཚོགས་ཟབ་ཞུགས་བྱས་པའི“ཚྭ་མེད་ཆུ་ལུང”ཀྲུང་གོའི་ནུབ་རྒྱུད་སྐྱེ་ཁམས་སྲུང་སྐྱོང་གསར་གཏོད་ལས་གཞི་ལ་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིང་ནས་བསྡུས་ཤིང་།   གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་བཀྲ་ཤིས་རྡོ་རྗེ་སོགས་མི5ལ་གཟེངས་སུ་ཐོན་པའི་བྱ་དགའ་ཐོབ་པ་རེད།   
           ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོའི་ཁོར་ཡུག་སྲུང་སྐྱོབ་པུའུ་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་དང་ཚྭ་མེད་ཆུ་ལུང་གཏེར་ཐོན་དངོས་རྫས་ཀྲུང་གོ་ཚད་ཡོད་ཀུང་ཟི་གཉིས་མཉམ་འབྲེལ་སྒོས་སྤེལ་ཞིང་།  2010ལོའི་ཟླ12པར་འགོ་བརྩམས་པ་ནས་བཟུང་།  རྒྱལ་ནང་དུ་འཆར་འགོད་ཡིག་ཆ100ལྷག་སྐུར་ཡོང་བར་གཞིགས་ན།  འདི་ནི་ཐོག་དང་པོར་རྒྱལ་ནང་དུ་ནུབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་དོ་སྣང་དང་།  མང་ཚོགས་ཟབ་ཞུགས་བྱས་པའི་གསར་གཏོད་རང་བཞིན་གྱི་སྤྱི་ཕན་ལས་གཞི་ཞིག་ཡིན།   མཇུག་མཐའི་བྱ་དགའ་ཐོབ་མཁན་གྱི་མི་སྒེར་དང་ལས་གཞི་ལ་རོགས་དངུལ་སྒོར་ཁྲི་ཚོ180གནང་རྒྱུ་རེད།  
           ཉིན་དེར།  ཀྲུང་གོའི་ནུབ་རྒྱུད་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བའི་ལས་གཞི་སྟེ།    ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་།  སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ།  ཁོར་ཡུག་སྦོགས་བཙོག་གཙང་སེལ།  གྲོང་རྡལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།   སྐྱེ་ཁམས་རིག་གནས་སྲུང་སྐྱོབ་སོགས་ལས་གཞི16ལྷག་ལའང་བྱ་དགའ་ཐོབ་ཅིང་།  མི་འགྱངས་བའི་ལོ་གཉིས་ཀྱི་ནང་དུ་ལས་གཞི་དངོས་སུ་འགོ་བརྩམས་ཏེ་ལག་བསྟར་བྱ་རྒྱུ་རེད།
           ཀྲུང་གོ་ཁོར་ཡུག་སྲུང་སྐྱོབ་པུའུ་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས་ཀྱི་འགོ་གཙོ་ཅཱ་ཧྥིན་གྱིས་བྱ་དགའ་གནང་བའི་མཛད་སྒོ་སྟེང་གསུང་རྒྱུར།   ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཞན་པས།  ཁོར་ཡུག་གི་གནས་བབ་ཚབས་ཆེན་ལ་འཕྲད་འདུག་ཅིང་།  ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་གལ་རང་བཞིན་ཡང་ཤར་རྒྱུད་ས་ཁུལ་དང་བསྡུར་ན་ཆེ་བས།   ཁོའི་རེ་བ་ཡིན་ན་འདི་ལྟ་བུའི་ལས་གཞི་གང་མང་སྤེལ་ནས་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་དང་།  མི་སྒེར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་དངོས་ལ་ཞུགས་པར་ཡར་སྐུལ་བྱ་རྒྱུ་ཧ་ཅང་གལ་ཆེ་ཟེར། 


འབྲེལ་ཡོད་འོས་སྦྱོར།