མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་སྤེལ་བའི་འཇིམ་བརྐོས་བཤམས་སྟོན།
ཐང་ཀ
ཟླ6ཚེས27ཉིན། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་དང་རྒྱང་བསྒྲགས་རླུང་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་ཤས་ཁཱང་མཛེས་རྩལ་བྱ་བའི་གཞུང་སྒྲུབ་ཁང་གིས་རོགས་སྒྲུབ་གནང་ཐོག མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར90ལོན་པར་རྟེན་འབྲེལ་ཞུ་ཆེད་འཇིམ་བརྐོས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱས་པ་རེད།
སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།
བརྩམས་ཆོས་ངོ་སྤྲོད་གནང་བཞིན་པ།
འཇིམ་རྐོས་སྒྱུ་རྩལ་ལ་དུང་བ་ཟབ་པའི་མི་མང་པོ་ཞིག་ཐེངས་འདིའི་འགྲེམ་སྟོན་བྱ་འགུལ་ལ་ཞུགས་ཤིང་། བརྩམས་ཆོས138ནང་ནས་ཆེས་ཕུལ་དུ་བྱུང་བ50ལྷག་བདམས་ཡོད་ལ། སྒྱུ་རྩལ་བརྩམས་ཆོས་ལ་རིགས་ཀྱི་ཆ་ནས་འཇིམ་རྐོས་དང་། གཙགས་དྲུབ། གུ་གུ་ཤ་སོགས་འདུས་པ་རེད། འདིས་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་འཕགས་རིག་གནས་དང་སྒྱུ་རྩལ་གྱི་རྣམ་པ་ཞིག་བཞེངས་སྐྲུན་བྱས་འདུག
འཇིམ་སྐུ་བརྩམས་ཆོས།
སྒྱུ་རྩལ་བརྩམས་ཆོས།
འདི་ནི་སྒྱུ་རྩལ་ཆེད་མཁས་པ་རྣམས་ཀྱིས་ལོ་རྒྱུས་དང་དངོས་ཡོད་ལ་གཏིང་ཟབ་པའི་བསམ་གཞིགས་དང་། སྤྱི་ཚོགས་ཀྱི་འོས་བབ་འགན་དུ་བཞེས་ཏེ། སྒྱུ་རྩལ་གསར་གཏོད་དང་སྒྱུ་རྩལ་ཞིབ་འཇུག སྒྱུ་རྩལ་འགྲེམ་སྟོན་བྱ་འགུལ་བཅས་མཐུན་སྦྱོར་སྒོས། མཚོ་ལྷོ་ས་ཁུལ་གྱི་མཛེས་རྩལ་ལས་རིགས་སྔར་ལས་ལྷག་པར་གོང་སྤེལ་དང་། ཐམས་ཅད་ཀྱི་གཅིག་མཐུན་དམིགས་ཡུལ་འགྲུབ་ཆེད་བརྩོན་པ་ལྷུར་ལེན་བྱས་པའི་འབྲས་བུ་ཞིག་ཏུ་སྣང་།
སྒྱུ་རྩལ་བརྩམས་ཆོས།
དགེ་སློབ་རྣམས་ལྷན་དུ་པར་བརྒྱབ་པ།
དེ་ཡང་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་སྲིད་གཞུང་གིས་གཙོ་ཁྲིད་གནང་བའི་འོག སྤྱི་ཚོགས་གྱི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། ལྷག་པར་དུ་དམངས་ཁྲོད་རིག་གནས་ཁྱབ་རྒྱ་ཆེ་རུ་བཏང་བ་རེད། ཕྱོགས་གཞན་ཞིག་ནས་འདི་ལྟ་བུའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་ལས་སྒྱུ་རྩལ་ལ་དུངས་པའི་མི་གང་མང་གི་སེམས་པ་ཡོངས་སུ་གསོས་པ་དང་མུ་མཐུད་དུ་སྒྱུ་རྩལ་གྱི་ལམ་འཕྲེང་དུ་སྟོབས་ཤུགས་ཆེན་པོས་བགྲོད་པར་རེ་བ་དང་སྤོབས་པ་བསྐྱེད་པ་མ་ཟད། འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་རིན་ཐང་སོགས་ཀྱི་སྒྱུ་རྩལ་མཚོན་པར་བྱས་པ་རེད།