logo

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དངོས་མང་བཤམས་སྟོན་ཁང་དུ་བོད་ཡིག་སོགས་ཡིག་རིགས་བཤམས་སྟོན་བྱས་པ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-06-29 ཀློག་གྲངས།:


《རྩ་རྒྱུད》(བོད་ཡིག)


《གསང་འདུས།》(བོད་ཡིག)

            ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་མང་བཤམས་སྟོན་ཁང་གི་ཀྲུང་གོའི་མི་རིགས་ཀྱི་གནའ་ཡིག་དང་དཔེ་རྙིང་བཤམས་སྟོན་ཁང་དུ། བོད་ཡིག་སོགས་ཡིག་རིགས30ལྷག་བཤམས་སྟོན་བྱས་ཡོད་ཅིང་། དེ་དག་རྒྱ་ཡིག་གི་མ་ལག་ཏུ་གྱུར་བའི་མི་རིགས་ཀྱི་གནའ་ཡིག་དང་ཕྱི་ཡོང་མ་ལག་གི་མི་རིགས་ཀྱི་གནའ་ཡིག གདོད་མའི་བརྡ་འཕྲིན་མཚོན་རྟགས་དང་དཔེ་རྙིང་དཔར་མ། རང་སའི་མི་རིགས་ཀྱི་གནའ་ཡིག་བཅས་ཁག་བཞིར་བགོས་ཡོད།


རྣམ་བཅུ་དབང་ལྡན།


བརྐོས་ཡིག་ཡོད་པའི་གླེགས་ཤིང་། (བོད་ཡིག)

            རང་རྒྱལ་ནི་མིའི་རིགས་ཀྱི་ཡི་གེའི་འབྱུང་གནས་ཤིག་ཡིན་པ་མ་ཟད། འཛམ་གླིང་སྟེང་གི་ཡིག་རིགས་ཆེས་མང་ཞིང་རྣམ་གྲངས་ཆེས་ཆ་ཚང་བའི་ཡི་གེའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན། ཐེངས་འདིའི་བཤམས་སྟོན་གྱི་དམིགས་ཡུལ་ནི། རང་རྒྱལ་གྱི་རིན་ཐང་བྲལ་བའི་ཤུལ་བཞག་ཡི་གེ་ལ་སྲུང་སྐྱོབ་དང་དེ་དག་བཤམས་སྟོན་བྱས་ནས། མི་སྔར་ལས་མང་པོ་ཞིག་ལ་མི་རིགས་སོ་སོའི་མེས་པོ་རྣམས་ཀྱི་ཤེས་རབ་དང་བརྩོན་འགྲུས་ཤེས་སུ་འཇུག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཟི་འོད་འབར་བའི་རིག་གནས་ཉམས་སུ་མྱོང་ཐུབ་པར་བྱ་རྒྱུ་དེ་རེད།


ན་མུའུ་དབྱི་ཡི་མོ་འདེབས་བྱེད། (ན་མུའུ་དབྱིའི་ཡི་གེ)


ལྷོ་ཕྱོགས་ཀྱི་ཡུལ་སྐད་དབྱི་ཡིག་གི་དཔེ་གཞུང་།   

            བཤམས་སྟོན་ཁང་དུ་བོད་ཡིག་ལས་གཞན་ད་དུང་རྒྱ་ཡིག་དང་། མི་ཉག་གི་ཡི་གེ   ཁི་ཏན་གྱི་ཡི་གེ   ཉུས་ཀྲེན་གྱི་ཡི་གེ     ལི་ཡུལ་གྱི་ཡི་གེ   འཕགས་པའི་ཡི་གེ   ཏའེ་ཡིག   སོག་ཡིག མན་ཇུའི་ཡི་གེ  ཆུས་ལུའུ་ཡི་གེ  ཁྲ་ཧོ་ཐའེ་ཡི་གེ  ཞའོ་ཅིང་ཡི་གེ  ཕ་ཀའོ་ལི་མིའོ་ཡིག ལའོ་སུའུ་སུའུ་ཡིག ཁོ་རེ་ཡའི་ཡི་གེ    ཡའོ་ཡིག   པུའུ་དབྱིའི་ཡི་གེ   ཀུའུ་ཀྲོང་ཡི་གེ   ཧྲུའེ་རིགས་ཡི་གེ   སུའུ་སུའུ་ཡི་སྒྲ་སྦྱོར་ཡི་གེ   ཏ་པ་ཡི་གེ   ཨེར་སུའུ་ཧྲ་པ་ཡི་གེ   ན་མུའུ་དབྱི་ཡི་གེ   ཀོ་པ་ཡི་གེ   ན་ཞི་སྟོན་པའི་ཡི་གེ    དབྱི་ཡིག་སོགས་ཡོད། དེ་ལས་ཡིག་རིགས་ལ་ལ་སྔ་མོ་ནས་ཉམས་ཟིན་པ་དང་། ལ་ལ་ལོ་ངོ་སྟོང་ཕྲག་མང་པོ་བརྒྱུད་ཅིང་ད་ལྟ་ད་དུང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད།


ཕོ་ཡ་ཀོ་ཡི་གེ་ནི་ཡུན་ནན་ཞིང་ཆེན་ཧྥུ་ཉིང་རྫོང་པའོ་ཨའེ་གྲོང་རྡལ་ཀྲོང་རིགས་ཀྱི་ས་གནས་ཁག་ཏུ་དར་
ཁྱབ་ཆེ་བ་དང་། ད་ལྟ་བརྡ་རྟགས81ལས་ལྷག་མེད་ལ་གོ་རིམ་བཞིན་བསྒྲིགས་ཡོད་ཅིང་།
ཚང་མ་རི་སྐྱེས་སིལ་ཏོག་གི་ཁུ་བས་རས་དཀར་པོའི་སྟེང་དུ་བྲིས་ཡོད། 


ཧྲུའེ་རིགས་ཡི་གེའི་བཟོ་རྩལ་ཐོན་རྫས། (ཧྲུའེ་རིགས་ཡི་གེ་ནི་གཙོ་བོ་རྒྱ་ཡིག་གི་གཟུགས་
འགྱུར་བ་ཡིན་ཞིང་ཧྲུའེ་རིགས་ཡིག་མཁན་གྱིས་བཀོལ་སྤྱོད་བྱེད་པ་ཡིན།

            བོད་ཡིག་ནི་དུས་རབས་བདུན་པར་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་བཟོས་པའི་སྒྲ་སྦྱོར་གྱི་ཡི་གེ་ཞིག་ཡིན་ལ། བཀས་བཅད་ཐེངས་གསུམ་བྱས་ཤིང་ད་ལྟ་ཧ་ཅང་འཐུས་ཚང་དུ་གྱུར་ཡོད། དེ་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ཡོད་ཅིང་། ཡིག་གཟུགས་ལ་གཙོ་བོ་དབུ་ཅན་དང་དབུ་མེད་གཉིས་ཡོད་པ་དང་། བཤམས་སྟོན་ཁང་དུ《མངོན་པ་མཛོད》དང《རྩ་རྒྱུད》སོགས་ཆོས་གཞུང་བསྟན་བཅོས་དང་ཤིང་དཔར། མཆོད་རྒྱན་སོགས་ཀྱིས་བོད་ཡིག་གི་རྒྱུན་རིང་བའི་ལོ་རྒྱུས་དང་དེའི་རིག་གཞུང་ཞིབ་འཇུག་གི་རིན་ཐང་མངོན་པར་བསྟན་ཡོད།    


འབྲེལ་ཡོད་འོས་སྦྱོར།