logo

མཚོ་སྔོན་དུ་སྐྱེ་ཁམས་གནས་སྤོས་ཡུལ་མི་ཆིག་ཁྲི་ཙམ་ལ་ལས་ཞུགས་ལག་རྩལ་སྦྱོང་བརྡར་བྱས་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:མི་དམངས་དྲ་བ།    དུས་ཚོད།:2011-06-28 ཀློག་གྲངས།:

            ཡུལ་ཤུལ་རྫོང་རོང་པོ་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས30ལྷག་ལ་པེ་ཅིང་ཨར་ལས་འཛུགས་སྐྲུན་ཚོགས་པས་མི་རེ་ལ་མཛུབ་སྟོན་པ་རེ་བཀོད་སྒྲིག་བྱས་ནས་སྦྱོང་བརྡར་བྱེད་དུ་བཅུག་རྗེས། ས་གནས་དེ་གར་སྦྱོང་བརྡར་བྱེད་མྱོང་བའི“མཐོ་སྒང་གི་སྐྱེལ་འདྲེན་རུ་ཁག”ཅིག་བཙུགས་ཏེ་ས་ཡོམ་ཤུལ་གྱི་བསྐྱར་འཛུགས་ལས་ཀར་ཞུགས་པ་རེད། 
            མིག་སྔར། ཡུལ་ཤུལ་གྱི་མི་ཆིག་སྟོང་ཡན་གྱིས“མཐོ་སྒང་གི་སྐྱེལ་འདྲེན་རུ་ཁག”དང“མཐོ་སྒང་གི་འཛུགས་སྐྲུན་རུ་ཁག”སོགས་བཙུགས་ནས། རག་ཤིས་སྡེ་བ་དང་རོང་པོ་གྲོང་རྡལ་གྱི་བསྐྱར་འཛུགས་ས་གནས་སུ་ལས་ཀ་སྒྲུབ་ཞོར་དང་སྦྱོང་བརྡར་བྱ་ཞོར་བྱེད་བཞིན་ཡོད་ལ། དེ་ནི་ཞིང་འབྲོག་མང་ཚོགས་ཀྱིས་རང་གི་ཁང་བ་འཛུགས་པ་དང་བསྐྱར་འཛུགས་ལས་ཀར་ཞབས་ཞུ་སྒྲུབ་པའི་སྟོབས་ཤུགས་གསར་བར་གྱུར་ཡོད། 
            ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་ཤུལ་དང་མགོ་ལོག   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་གནས་སྤོས་ཡུལ་མིའི་ལག་རྩལ་སྦྱོང་བརྡར་བྱ་རྒྱུ་དེ་ལས་ཞུགས་སྐུལ་འདེད་ཀྱི་བྱ་བ་གཙོ་བོར་བཟུང་ཞིང་། “མཚོ་སྔོན་ལྷོ་ཕྱོགས་ཀྱི་ཁུལ་གསུམ་གྱི་གནས་སྤོས་ཡུལ་མི་ཆིག་ཁྲི་ཡི་ལག་རྩལ་སྦྱོང་བརྡར་བྱེད་པའི་ལས་ཞུགས་སྐུལ་འདེད་ཀྱི་འཆར་གཞི“བཟོས་ཏེ་གཏན་ལ་ཕབས་པ་དང་། ཡུལ་ཤུལ་དུ་ས་ཡོམ་བྱུང་བའི་གཞུག་གི་བསྐྱར་འཛུགས་ལས་ཀར་རླངས་འཁོར་ཁ་ལོ་བ་མཁོ་བ་དང་། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་དུ་ལམ་ཐག་རིང་པོའི་སྐྱེལ་འདྲེན་ལས་ཀ་མང་བའི་ཁྱད་ཆོས་ལ་དམིགས་ཏེ། ཁུལ་གསུམ་གྱི་རླངས་འཁོར་ཁ་ལོ་བར་སྦྱོང་བརྡར་བྱ་རྒྱུ་གཙོ་བོར་བཟུང་ལ། མགོ་ལོག་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དོ་དམ་སྤྱི་ཕན་ལས་གནས་ཚོད་ལྟ་བྱེད་ཡུལ་ཡིན་པའི་ཆ་ནས། ཞིང་འབྲོག་མང་ཚོགས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ནུས་པར་སྦྱོང་བརྡར་བྱས་པ་རེད།   རྨ་ལྷོ་ཁུལ་གྱིས“རེབ་གོང་སྒྱུ་རྩལ”འཕེལ་རྒྱས་གཏོང་བར་ལག་ཤེས་པ་གང་མང་ཞིག་དགོས་པའི་གནས་ཚུལ་ལ་གཞིགས་ཏེ། ཐང་ག་གཙོ་བྱས་པའི་བཟོ་ལས་ཐོན་རྫས་བཟོ་རྩལ་སྦྱོང་བརྡར་བྱེད་དུ་བཅུག་པ་དང་། བསྡོམས་པས་རིགས་ཆེན་པོ4དང་བཟོ་ལས་རྣམ་གྲངས་མི་འདྲ་བ25ཡོད། ཁུལ་གསུམ་པོས་ལོ་འདིའི་ནང་གྲོང་དང་གྲོང་རྡལ་གྱི་ངལ་རྩོལ་ནུས་ཤུགས་མི་ཁྲི1.06ལ་སྦྱོང་བརྡར་བྱེད་དུ་འཇུག་རྒྱུ་རེད། 
            ཟླ6པའི་བར་དུ། ཁུལ་གསུམ་པོའི་སྦྱོང་བརྡར་གྱི་བྱ་བ་བདེ་བླག་ངང་འགྲུབ་པ་དང་། མི8422སྦྱོང་བརྡར་ལ་ཞུགས་ཤིང་། དེར་རླངས་འཁོར་གྱི་ཁ་ལོ་བ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། མ་ཎི་རྡོ་བརྐོས། འཛུགས་སྐྲུན། རེབ་གོང་གི་སྒྱུ་རྩལ། མི་རིགས་ཀྱི་གླུ་གར་སོགས་ཀྱི་ནང་དོན་འདུས་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།