མཚོ་སྔོན་པོའི་ལྕགས་རྟ་འགྲན་བསྡུར་ཐད་ཀྱི་རླངས་འཁོར་གཏན་འཁེལ་བྱེད་པའི་མཛད་སྒོ་བསྡུས་པ།
ཟླ6པའི་ཚེས23ཉིན། སྐབས་བཅུ་གཅིག་པའི་མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཐད་བཀོལ་སྤྱོད་བྱེད་པའི་རླངས་འཁོར་སྟེར་བའི་མཛད་སྒོ་དེ་ཟི་ལིང་ནས་བསྡུས། ད་ལོར། ཁྲང་ཨན་ཞིན་གོང་དང་ལེ་པའོ་རླངས་འཁོར་གཉིས་སོ་སོར་འགྲན་བསྡུར་རུ་ཁག་གི་འགན་སྲུང་རླངས་འཁོར་ལ་གཏན་འཁེལ་བྱས་ཡོད།
མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ2002ལོ་ནས་མགོ་བརྩམས་པ་ནས་ད་ལྟའི་བར་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོས་རྒྱབ་སྐྱོར་དང་སྣེ་ཁྲིད་ཆེན་པོ་བྱས་འོག ཤུགས་རྐྱེན་ཡང་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པར་མ་ཟད་ཚོང་རྟགས་ཀྱི་ཕན་འབྲས་ཀྱང་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། གོང་གི་ཁེ་ལས་དེ་གཉིས་མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ལ་ཞུགས་པ་དེ་ཡང་ཁེ་ལས་རང་སྟེང་གི་རྣམ་པ་དྲིལ་སྒྲོག་བྱེད་པ་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་པ་ཞིག་རེད།