logo

མངོན་མིན་རིག་གནས་ཤུལ་བཞག་སྟེ་བོད་སྤོས་ཀྱི་ལག་བཟོ་སྒྱུ་རྩལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-24 ཀློག་གྲངས།:


མེ་རུ་སྒྲོན་པའི་སྙེ་མོ་བོད་སྤོས། 

ཆུ་འཐག་གིས་ཕྱི་ཤུན་བཀོག་པའི་ཤུག་དུམ་འདམ་དུ་བསྒྱུར་བ།

            སྙེ་མོ་རྫོང་ཐོན་པ་སྡེ་བ་ནི་བོད་རང་སྐྱོང་ལྗོངས་ལྷོ་འདབས་སུ་ཆགས་ཤིང་།  བོད་སྤོས་ཐོན་སྐྱེད་བྱེད་སའི་ས་ཁུལ་མིང་གྲགས་ཅན་གལ་ཆེན་ཞིག་ཡིན།    ཐོན་པ་མང་ཚོགས་ཀྱིས་ས་གནས་དེའི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་དང་གནམ་གཤིས་སོགས་ལ་བརྟེན་ནས་ཁྱད་འཕགས་ཀྱི་རྫས་སྦྱོར་དང་བཟོ་སྐྲུན་ལག་རྩལ་ཀྱིས་མིང་དུ་གྲགས་པའི་སྙེ་མོ་བོད་སྤོས་ཐོན་སྐྱེད་གནང་བ་རེད།  


སྡེ་མི་ཚེ་རིང་རྡོ་རྗེ་ཡིས་ཆུ་འཐག་འགྲམ་ནས་བཏགས་ཟིན་པའི་ཤིང་འདམ་སྒྲིག་བཞིན་པ།

ཤུག་འདམ་དེ་ཤུག་བག་ཏུ་བསྒྱུར་བའི་གོ་རིམ། 


སྡེ་མི་ཚེ་རིང་རྡོ་རྗེ་ཡིས་ཤུག་བག་ལས་བྱུང་བའི་ཤུག་བྱེ་དང་རྫས་སྦྱོར་ནང་ཆུ་བསྣན་ཏེ་ལྷན་དུ་དཀྲུགས་པ།

             བཤད་ཚུལ་ལ་སྙེ་མོ་བོད་སྤོས་འདི་ཐོག་མར་ཧ་ལམ་ལོ1300ཡར་སྔོན་དུ།  སློབ་དཔོན་ཐོན་མིས་རང་གི་ཕ་ཡུལ་ཏེ་སྙེ་མོ་རྫོང་ཐོན་པ་སྡེ་བ་ནས་བྲག་ཆུ་དང་སྨན་རྫས་སྣ་ཚོགས་བེད་སྤྱད་གསར་བཟོ་མཛད་པར་གྲགས་ཤིང་།   དེའི་རྗེས་སུ་ཐོན་པ་སྡེ་བའི་མང་ཚོགས་ཀྱིས་བོད་སྤོས་བཟོ་བའི་སྲོལ་འདི་ད་ལྟའི་བར་དར་བར་བཤད། 


དཀྲུགས་སྦྱོར་བྱས་ཟིན་པའི་འདམ་ལེབ་ཁུང་བུ་ཅན་གྱི་རྭ་ཅོ་ནང་ནས་ཕྱིར་འཚིར་བཞིན་པ། 

དཀྲུགས་སྦྱོར་བྱས་ཟིན་པའི་འདམ་ལེབ་ཁུང་བུ་ཅན་གྱི་རྭ་ཅོ་ནང་ནས་ཕྱིར་འཚིར་བཞིན་པ། 

རིང་ཐུང་གཅིག་མཐུན་དུ་ཚད་འཇལ་བ།

            2008ལོའི་ཟླ6པར།    བོད་སྤོས་བཟོ་རྩལ་འདི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་འཚུད་པ་རེད། 


ཚེ་རིང་རྡོ་རྗེ་ཡི་ཆུང་མས་བསྐམ་ཟིན་པའི་བོད་སྤོས་སྐུད་པ་ཕྲ་མོས་དཀྲི་བཞིན་པ།

སྐུ་མགྲོན་འགས་ཐུམ་སྒམ་དུ་བཅུག་པའི་བོད་སྤོས་ལ་གཟིགས་པ།  


ཤོག་བསྒྲིགས་བྱས་པའི་བོད་སྤོས། 


འབྲེལ་ཡོད་འོས་སྦྱོར།