མཐོ་སྒང་གི་རིག་གནས་རྒྱུན་འཛིན་གྱི་ལག་ཤེས་པ་སྐོར་ཞིག
ཁྲ་འབྲུག་དགོན་གྱི་མ་ཎི་སྐོར་ལམ་དུ་ལྡེབས་རིས་བཞེངས་མཁན་གྱིས་སེམས་
ཞིབ་མོས་དགོན་སྡེའི་ལྡེབས་རིས་ཞིག་གསོ་བྱེད་བཞིན་ཡོད།
འཇིམ་སྐུ་གསར་གཏོད་བྱེད་མཁན་གྱི་ཁྱིམ་ནས་སྐྱེས་པའི་འཇིགས་མེད་ནི་ལྷ་ས་ནས་ཡིན་པ་དང་། ད་ལྟ་ཁྲ་འབྲུག་དགོན་
དུ་འཇིམ་སྐུ་བཞེངས་བཞིན་ཡོད། ཁོང་གིས་འདི་སྐད། རང་ཉིད་ཀྱི་ལས་ཀ་ནི་རང་གི་འཚོ་བའི་ཆེད་དུ་ཡིན་ནའང་།
གཙོ་བོ་བོད་ཀྱི་འཇིམ་སྐུའི་སྒྱུ་རྩལ་རྒྱུན་འཛིན་བྱེད་པའི་ཆེད་དུ་ཡིན། དེའི་རྐྱེན་གྱིས་ཁོ་རང་ཐེངས་དུ་མར་ནང་
ལོགས་སུ་ཕྱིན་ནས་འཇིམ་སྐུ་བཞེངས་མཁན་གྱི་མི་སྣ་རྣམས་དང་བསམ་ཚུལ་བརྗེ་རེས་བྱས་པ་ཡིན་ཟེར།
ཅན་ནེ་བཟོ་མཁན་ལག་ཤེས་པ་རྒན་པ་བློ་བཟང་ནི་ལེགས་པ་ལུང་པའི་ཅན་ནེ་ལས་སྣོན་གྱི་ཕྱག་ལས་གནང་མཁན་
ཐོག་མ་ཡིན། ཕྱིས་སུ་ས་དེའི་སྲིད་གཞུང་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྲུང་སྐྱོབ་དང་། མི་སེར་ཕྱུག་
ལམ་དུ་སྐུལ་ཆེད། ཁོང་གི་དྲུང་དུ་གཞོན་ནུ་མང་པོ་ཞིག་མངགས་ཏེ་ཅན་ནེ་བཟོ་སྣོན་བྱེད་པའི་ལག་
རྩལ་སློབ་ཏུ་བཅུག་པ་རེད། ཁོང་གིས་ད་ལྟ་སློབ་མ་བཅུ་ལྷག་བསྐྱངས་ཡོད་ཟེར།
ཕ་ཡུལ་ལྷོ་ཁ་ལེགས་པ་ལུང་བ་ནས་ཡིན་པའི་སྒྲོལ་མ་སྔོན་ཆད་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་སྨྱུག་བསླས་
གསོ་སྐྱོང་སྦྱོང་བརྡར་གྱི་ནང་དུ་ཞུགས་མྱོང་ཞིང་། ད་ལྟ་སྨྱུག་བསླས་བཟོ་སྣོན་བྱེད་པ་དེ་ཁོ་མོའི་ལས་ཞོར་གྱི་
ཞོར་ལས་གཙོ་བོ་ཡིན། ལོ་གཅིག་ནང་ཁྱིམ་དུ་སྒོར་སྟོང་ཕྲག་དུ་མའི་ཡོང་འབབ་རག་ཐུབ་ཀྱིན་ཡོད།
ལྷོ་ཁའི་གྲ་ནང་རྫོང་དུ། སྣམ་བུ་འཐག་མཁན་གྱི་དགེ་རྒན་ཆེན་མོ་ཀརྨ་དཔལ་ལྡན་གྱིས་སྲོལ་རྒྱུན་གྱི་སློབ་བུ་སྐྱོང་སྟངས་
སྤྱད་དེ་སྣམ་བུ་བཟོ་རྩལ་གཅིག་གཅིག་གཉིས་གཉིས་ཀྱིས་སློབ་མར་ཁྲིད་སྟོན་གནང་བཞིན་པ།
ལྷོ་ཁ་གྲ་ནང་རྫོང་གི་སྲོལ་རྒྱུན་གྱི་ཡོ་ཆས་སྤྱད་དེ་ལུག་བལ་ལས་སྣོན་བྱེད་མཁན་གྱི་ལག་ཤེས་པ།