གནའ་བོའི་བོད་ཤོག་ལ་གསོན་ཤུགས་གསར་བ་རྒྱས་པ།
སྲོལ་རྒྱུན་གྱི་བོད་ཤོག་རུལ་དཀའ་ཞིང་འབུས་མི་ཟ་བ་དང་། རྒྱུ་སྤུས་མཁྲེགས་
ཤིང་གཤག་དཀའ་བས་དུས་རྒྱུན་ཆོས་ཀྱི་ཡི་གེ་འབྲི་ས་བྱེད་ཀྱི་ཡོད།
སྲོལ་རྒྱུན་གྱི་བོད་ཤོག་ལ་ཚོན་མདོག་བྱུགས་རྗེས་སྤྱོད་སྒོ་ཇེ་མང་དུ་སོང་བ།
ཚོན་མདོག་སྣ་ལྔ་བཀྲ་བའི་བོད་ཤོག་གསར་བ།
“CHINA•ཤོག་བུའི་འབྱུང་ཁུངས”ཀྱི་བཅར་འདྲི་ཚོགས་པ་ཉེ་སྔོན་བོད་ལྗོངས་སུ་ཕེབས་ཏེ་རྒྱལ་ཁབ་རིམ་པའི་བོད་ཤོག་བཟོ་རྩལ་རྒྱུད་འཛིན་གནང་མཁན་བྱམས་པ་བརྩོན་འགྲུས་ལགས་ལ་བཅར་འདྲི་ཞུས་པ་མ་ཟད། འབྲེལ་ཡོད་རིག་གནས་ལས་ཁུངས་དང་ཡུལ་སྐོར་ཅ་ལག་ཚོང་རར་འདྲི་རྩད་བྱེད་དུ་སོང་ཞིང་། པར་མིག་གི་སྟེང་ནས་བོད་ཤོག་གི་ཕུན་སུམ་ཚོགས་པའི་སྤྱོད་སྒོ་གསལ་སྟོན་གནང་བ་རེད།
བོད་ཤོག་གིས་བཟོས་པའི་བཟོ་རྩལ་ཐོན་རྫས་ཀྱི་ཚོན་མདངས་གསལ་ཞིང་དུས་ཡུན་རིང་བོར་ཉར་ཚགས་བྱས་ཆོག
ལུག་ལྤགས་ལ་དཔེ་བྱས་པའི་ཤོག་བུ་གསར་བས་བཟོས་པའི་《འགྲོ་བ་རིགས་དྲུག་གི་རི་མོ།》
བོད་ཤོག་གི་སྟེང་དུ་རི་མོ་བྲི་ཚེ་ངེས་པར་དུ་འབྲི་ཐེངས་གཅིག་གིས་བྲིས་ཚར་དགོས་ལ།
རི་མོ་འབྲི་མཁན་ལ་འབྲི་རྩལ་ཚད་མཐོན་པོ་ལྡན་དགོས་པ་རེད།
རྒྱལ་ཁབ་རིམ་པའི་བོད་ཤོག་བཟོ་རྩལ་རྒྱུད་འཛིན་གནང་མཁན་བྱམས་པ་བརྩོན་འགྲུས་ལགས་ཀྱིས་སྲོལ་རྒྱུན་བོད་ཤོག་གི་ཁྱད་ཆོས་རྒྱུད་འཛིན་གནང་བའི་རྨང་གཞིའི་སྟེང་དུ། པགས་པ་ལྟ་བུའི་ཤོག་བུ་དང་ཤིང་གི་གཉེར་རིས་ཡོད་པའི་ཤོག་བུ། གྱང་ཤོག་སོགས་ཤོག་བུ་གསར་བ་རིགས་བཞི་བཅུ་ལྷག་གསར་སྤེལ་བྱས་ཤིང་། བོད་ཤོག་གི་འཕེལ་རྒྱས་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་ཡོད་ལ། དེའི་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུད་འཛིན་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཡོད་པ་རེད།
བོད་ཤོག་གི་ཡུལ་སྐོར་ཐོན་རྫས་ཏེ། ཟིན་བྲིས་དེབ་ནི་སྲོལ་རྒྱུན་བོད་ཤོག་དང་དེང་རབས་
འཚོ་བ་གཉིས་ལེགས་པར་གཞི་གཅིག་ཏུ་འདྲེས་བའི་ཐོན་རྫས་ཤིག་རེད།
བོད་ཤོག་གི་ཡུལ་སྐོར་ཐོན་རྫས་ཏེ་པར་རྟེན་མཐའ་ཤིང་། ཡུལ་སྐོར་ཐོན་རྫས་གསར་སྤེལ་
བྱས་པས་བོད་ཤོག་ཐོན་ལས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་པ།
བོད་ཤོག་གི་ཡུལ་སྐོར་ཐོན་རྫས་ཏེ། བོད་སྤོས་ཀྱི་སྒམ།
བོད་ཤོག་ནི་དུས་རབས་བདུན་པའི་དུས་དཀྱིལ་དུ་ཐོན་ཞིང་། དེ་ནི་བོད་ཀྱི་དམིགས་བསལ་རིག་གནས་ཐོན་རྫས་ཤིག་ཡིན། བོད་ཤོག་ལ་འབུས་བཟའ་མི་ཐུབ་པ་དང་རུལ་སྐྱོན་མི་འབྱུང་བ། མདོག་མི་འགྱུར་བ། རྒྱུ་སྤུས་ལེགས་པ། གང་དགར་གཤག་མི་ཐུབ་ལ་ལྟེབ་ཆོག་པ། ཟད་སྐྱོན་མི་འབྱུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། དེ་ཉིད་ཆོས་ལུགས་ཀྱི་དཔེ་གཞུང་བསྟན་བཅོས་དང་སྲིད་གཞུང་གི་གཞུང་ཡིག་འབྲི་བར་བཀོལ་སྤྱོད་བྱེད་ཅིང་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་འགོད་གནས་གཙོ་བོ་ཞིག་ཡིན་པ་རེད།