logo

2011ལོའི་མཚོ་སྔོན་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-22 ཀློག་གྲངས།:


མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས།

            ཉེ་སྔོན།  2011ལོའི་མཚོ་སྔོན་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དེ་མཚོ་སྔོན་ཟི་ལིང་དུ་སྤེལ་ཞིང་།   རྒྱལ་ཁབ་ཕྱི་ནང་གི་ས་གདན་ལག་བཟོ་ཆེད་མཁས་གང་མང་ཡུལ་དངོས་སུ་ཕེབས་ནས་སྤུས་ལེགས་ཤིང་མིག་ལ་མཛེས་པའི་ས་གདན་ལ་གཟིགས་ཞིབ་བྱས་པ་རེད།
            2011ལོའི་མཚོ་སྔོན་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་འདིས་མཚོ་སྔོན་དང་རྒྱལ་སྤྱིའི་བར་ཐག་སྔར་ལས་ཇེ་ཉེ་རུ་བཏང་བར་མ་ཟད།  ལོ7རིང་གི་དུས་ཡུན་ལ་བརྩོན་པ་བསྐྱེད་ནས་བསྒྲུབས་པའི་ཐེངས་འདིའི་རྒྱལ་སྤྱིའི་ཆེད་ལས་འགྲེམ་སྟོན་ཚོགས་འདུའི་སྟེང་དུ་སྐུ་མགྲོན་གསར་བ་སྔར་ལས་མང་བོ་ཞིག་སླེབས་ཡོད་ཅིང་། མཐོ་རིམ་ཐོན་ལས་ཀྱི་ཁེ་ལས་དང་ཚོང་བ་གང་མང་ཞིག་ཀྱང་འགྲེམ་ཚོགས་འདིའི་ནང་དུ་ཞུགས་པ་རེད།


མཚོ་སྔོན་བོད་ཀྱི་ས་གདན།

            ད་ལོའི་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་ཆེན་འདི་སྔོན་ཆད་ཐེངས་བདུན་ལ་སྤེལ་བའི་འགྲེམ་ཚོགས་དང་བསྡུར་ན་ཚད་གཞི་དང་།  མི་གྲངས།  གཞི་རྒྱ་སོགས་ཕྱོགས་གང་ནས་ཀྱང་ཆེས་ཆེར་བརྒལ་འདུག་ཅིང་།  ས་གདན་ལག་བཟོ་ལས་རིགས་ཀྱི་ཚོང་བ་སྔར་ལས་མང་བོ་ཞིག་གི་ཡིད་སེམས་དབང་མེད་དུ་བཀུག་སྟེ་འགྲེམ་སྟོན་ཚོང་ལས་བ་དང་ཚོང་བ4000ལྷག་ཐེངས་འདིའི་འགྲེམ་ཚོགས་སྟེང་ཞུགས་ཤིང་།  རྒྱ་གར་དང་། ཕ་ཁི་སི་ཐན། བལ་བོ།  དབྱི་ལང་།  ཐུར་ཁེ།  ཨ་ཧྥུ་ཧན།  འཇར་མན་སོགས་འཛམ་གླིང་གི་ལག་བཟོ་ས་གདན་བཟོ་མཁན་གྱི་རྒྱལ་ཁབ་དང་ས་ཁུལ་གཙོ་བོ7གྱི་འགྲེམ་ཞུགས་ཚོང་བ84ལྷག་གིས་མཉམ་གཅིག་ཏུ་རང་རང་གི་ཐོན་རྫས་འགྲེམ་སྟོན་བྱས་པ་དང་།  དེའི་ནང་དུ་འཛམ་གླིང་གི་ས་གདན་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་ཏེ་བལ་བོ་རྒྱལ་ཁབ་ཀྱིས་ཐེངས་དང་བོར་མཐུན་ཚོགས་དང་ཚོགས་པའི་རྣམ་པ་སྤྱད་ནས་འགྲེམ་ཚོགས་ལ་ཞུགས་པ་དང་།  ཁོ་ཚོའི་ལྷད་མེད་སྤུས་དག་གི་ལག་བཟོའི་ས་གདན་དང་ལག་རྩལ་ཐོན་རྫས་རྣམས་འགྲེམ་སྟོན་བྱས།  ཐེངས་འདིའི་འགྲེམ་སྟོན་དངོས་རྫས་གྲངས་འབོར་དང་སྣ་ཁའི་ཕྱོགས་ནས་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ལ།   རྒྱུ་སྤུས་ཀྱི་ཕྱོགས་ནས་ཀྱང་མཐོར་འདེགས་ཆེན་པོ་བྱུང་ཡོད།    ཐོག་དང་པོར་ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན་སོགས་ནས་ཆེད་དུ་གདན་འདྲེན་ཞུས་པའི་ཆེད་མཁས་རྣམས་ཀྱང་ཡུལ་དངོས་སུ་ཕེབས་ནས་མཛུབ་སྟོན་གནང་ཞིང་།  འདི་དང་འདི་ལྟ་བུའི་སྔར་དང་མི་མཚུངས་པའི་འགྱུར་ལྡོག་ལས་ང་ཚོས་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་བསྟུད་མུར་ཐེངས་བདུན་ལ་སྤེལ་བའི་གྲུབ་འབྲས་མཐོང་ཐུབ་ལ། རྒྱལ་སྤྱིའི་ལག་བཟོ་ས་གདན་ལས་རིགས་ཕྱོགས་ཀྱི་ཆེད་མཁས་རྣམས་ཀྱིས་མཚོ་སྔོན་བོད་ཀྱི་ས་གདན་རིག་གནས་ལ་བཟུང་ཡོད་པའི་ཁེ་ལེན་གྱི་རྣམ་འགྱུར་ཡང་མཐོང་ཐུབ།  
            བཤམས་ཁངBནང་དུ།   མཚོ་སྔོན་ཡཱ་ཡོས་ཀུང་ཟིས་འགྲེམ་སྟོན་བྱས་པའི་ས་གདན་ཐོན་རྫས་གསར་བ་དེ་ཕྱིའི་བཟོ་བཀོད་དང་འོད་མདངས་སོགས་ཕྱོགས་གང་ནས་བལྟས་ཀྱང་གཞན་དང་མི་འདྲ་བ་ཞིག་ཡིན་ཞིང་།  མཚམས་སྦྱོར་བྱས་པ་ལྟར་ན།  འདི་ལྟ་བུའི་རྒྱ་གར་ནས་ནང་འདྲེན་བྱས་པའི་ཏི་ལུང་སིའི་ལག་བཟོའི་ཐོན་རྫས་ལ།   དུས་རབས་དང་མཚམས་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་ཁར།  རིན་གོང་ཡང་ཧ་ཅང་འོས་འཚམ་ཡིན་པས་སྤྱིར་བཏང་གི་འཛད་སྤྱོད་པས་ཀྱང་དེང་ལེན་བྱེད་ཐུབ་ཟེར། 
            མཚོ་སྔོན་ཧྲིན་ཡོན་ས་གདན་ཀུང་ཟིའི་འགྲེམ་སྟོན་ཁང་དུ།  དེ་སྔོན་ཧྲང་ཧེ་རིག་དངོས་བཤམས་ཚོགས་སུ་བཤམས་སྟོན་བྱས་པའི《སྟོན་པའི་བྱིན་རླབས》ཞེས་པའི་བོད་ཀྱི་ས་གདན་གྱིས་ཚོང་མགྲོན་གང་མང་གི་ཡིད་དབང་གསོས་ཤིང་།  གོ་ཐོས་ལྟར་ན་དེ་ནི་ལག་རྩལ་པ8ཀྱིས་དུས་ཡུན་ཟླ8ལྷག་རིང་ལ་“ཟི་ལིང་བལ་དཀར”གྱིས་བཟོས་པའི་བོད་ཀྱི་ས་གདན་རྩ་ཆེན་ཞིག་ཡིན་སྐད།  མཚམས་སྦྱོར་བྱས་པ་ལྟར་ན།  ཉེ་བའི་ལོ2ཀྱི་རིང་ལ།  ལག་རྩལ་གསར་བ་དང་།  ཐོན་རྫས་གསར་བ་སྔོག་འདོན་བེད་སྤྱོད་བྱས་པའི་སྟེང་དུ།  བོད་ཀྱི་ས་གདན་འགྲེམ་ཚོགས་ཀྱིས་བསྐྲུན་པའི་སྟེགས་བུ་འདིའི་དྲིན་ལ།   “ཧྲིན་ཡོན”ལ་རྒྱལ་ཁབ་ཕྱི་ནང་གི་ཚོང་ཤོག་སྔར་ལས་མང་པོ་ཞིག་འབྱོར་བྱུང་བ་དང་།  ཁེ་ལས་ཀྱི་མཚན་སྙན་ཡང་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། 
            ཀྲུང་དབྱང་ནོར་སྲིད་སློབ་ཆེན་ཚོང་རིག་སློབ་གླིང་གི་འགོ་གཙོ་གཞོན་པ་ཚོས་ཞིན་ཅན་གྱིས།   མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་གྱིས་དོན་དམ་དུ་མིང་བྱང་གཉིས་བསྐྲུན་ཡོད་པ་སྟེ།  བོད་ཀྱི་ས་གདན་དང་།  འགྲེམ་ཚོགས་གཉིས་རེད།  བོད་ཀྱི་ས་གདན་གྱིས་འགྲེམ་ཚོགས་ཀྱི་གོ་སྐབས་དམ་འཛིན་སྒོས་ལོ་རེར་བརྗོད་བྱ་རེ་གཏན་འཁེལ་དང་ས་ཁུངས་རང་བཞིན་གྱི་མཚན་སྙན་བསྐྲུན་པའི་འཐབ་ཇུས་མངོན་འགྱུར་བྱས་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱས་པས།     རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱིས་གཟིགས་རྟོགས་བྱེད་ངེས་པ་ནི་སྨོས་མ་དགོས་བ་ཞིག་རེད།  འགྲེམ་ཚོགས་ཀྱིས་བོད་ཀྱི་ས་གདན་ཞེས་པའི་ཉིང་བཅུད་འདི་དམིགས་སུ་བཟུང་སྟེ་འཛམ་གླིང་ལག་རྩལ་བཟོ་ལས་པའི་ས་གདན་ཐོན་ལས་དང་ཚོང་གཉེར་རྒྱལ་ཁབ་ཆེན་པོ་དག་གི་ཚོང་གང་མང་དབང་མེད་དུ་བཀུག་ཅིང་།  ཆེད་ལས་རང་བཞིན་ཁྱད་དུ་འཕགས་པའི་བཤམས་ཚོགས་ཆེན་པོ་ཞིག་ཏུ་གྱུར་པ་དང་།  རང་ཉིད་གཉིད་ལས་དཀྲོགས་པ་དང་ལྷན་དུ་བོད་ཀྱི་ས་གདན་སྔར་ལས་ལྷག་པར་ཆུ་ཚད་མཐོར་འདེགས་ཀྱི་ཁ་ཕྱོགས་སུ་འཕེལ་པ་རེད།   དེ་བས།   འདི་གཉིས་ནི་གཅིག་ལ་གཅིག་རྟེན་དང་ཕན་ཚུན་མཉམ་འཕེལ་བྱས་ན།   མཚོ་སྔོན་བོད་ཀྱི་ས་གདན་ལ་སྔ་ན་མེད་པའི་མདུན་ལམ་ཟབ་བོ་ཞིག་ཡོད་པ་སྨོས་མ་དགོས་པ་ཞིག་རེད་ཅེས་གསུངས།  
            རྒྱུས་ལོན་བྱས་པ་ལྟར་ན།    ཐེངས་འདིའི་འགྲེམ་སྟོན་ནི་ས་གདན་བཤམས་སྟོན་དང་ཚོང་འབྲེལ་བྱེད་པ་གཙོར་བཟུང་སྟེ།   ཡུལ་དངོས་ནས་ཐོན་རྫས་ཉོ་ཚོང་དང་།   ས་གདན་སྣ་མང་དང་མ་བཅོས་རྒྱུ་ཆ།   བོད་ཀྱི་རིག་གནས་སྒྱུ་རྩལ་ཐོན་རྫས་ཕྱིར་ཚོང་བྱེད་པ་དང་ཆབས་ཅིག་ཏུ།  ཡུལ་དངོས་ནས་ས་གདན་ལག་བཟོ་བྱེད་པ་དང་རྩི་ཤིང་གི་ཚོན་རྩི་གཏོང་བ།   མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་བོད་ཀྱི་ས་གདན་ལག་བཟོ་བྱས་ཏེ།   རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཆེ་བའི་ཁྱིམ་འཐག་ཁེ་ལས་མི་ཉུང་བའི་ཡིད་དབང་བཀུག་ནས་འགྲན་ཚོགས་སུ་ཞུགས།  འགྲན་ཚོགས་སྐབས་སུ།  འགོ་རྩོམ་པའི་མཛད་སྒོ་དང་ཚོང་འབྲེལ་སོགས་ཀྱི་བྱ་འགུལ་ལས་གཞན།   རྒྱལ་ནང་དང་རྒྱལ་སྤྱིའི་ས་གདན་ལས་རིགས་བར་མཉམ་འབྲེལ་བྱེད་ཆེད།  རྒྱལ་ཁབ་ཕྱི་ནང་གི་ཚོང་གཉེར་བ་ཚོགས་ཞུགས་བྱས་པའི་ཐོན་རྫས་གསར་གཏོད་དང་།  ལག་རྩལ་ཐོན་རྫས་ཀྱི་སྤུས་ཀ   ཚོགས་གནས་བཟོ་བཀོད།  བཤམས་ཚོགས་རྩ་འཛུགས་བྱེད་པ་སོགས་ཀྱི་འགྲན་བསྡུར་རྟགས་མ་རྩོད་པའི་བྱ་འགུལ་དང་།   རྟགས་མ་གནང་བའི་དགོང་ཚོགས། རྒྱལ་ཁབ་ཕྱི་ནང་གི་ཚོགས་ཞུགས་ཚོང་གཉེར་བའི་གླེང་མོལ་ཚོགས་འདུ་སོགས་ཀྱི་བྱ་འགུལ་ཡང་སྤེལ་བ་རེད།   ཀྲུང་གོ་བོད་ཀྱི་ས་གདན་མཐུན་ཚོགས་ཀྱིས་འབྲེལ་ཡོད་ཆེད་དོན་ཚོགས་འདུའང་བསྡུས་རྒྱུ་ཡིན་པ་རེད།  
            2004ལོ་ནས་བཟུང་།   ཐེངས7ལ་སྤེལ་པའི་མཚོ་སྔོན་བོད་ཀྱི་ས་གདན་བཤམས་སྟོན་ཚོསག་འདུ་འདིས་འཛམ་གླིང་ལ་མཚོ་སྔོན་གྱི་རྣམ་པ་དང་བོད་ཀྱི་ས་གདན་འདི་འཛམ་གླིང་གི་གར་སྟེགས་སྟེང་གནས་བབ་ག་འདྲ་ཡིན་པ་སྟོན་གྱི་ཡོད་ཅིང་། ལོ7རིང་ལ་སྐབས་དང་པོའི་ཚོགས་ཞུགས་རྒྱལ་ཁབ་དང་ས་གནས10ལྷག་ནས་41ལ་འཕར་བ་དང་།  རྩ་འཛུགས་མཐུན་ཚོགས་ཚོགས་ཞུགས་བྱས་པའི་ཞིང་ཆེན16ནས30ལ་འཕར།  ཚོང་འབྲེལ་བྱུང་བའི་དངུལ་སྒོར་ཐོག་དང་པོའི་ཨ་སྒོར་ཁྲི800ནས་སྐབས་སྔོན་མའི་ཨ་སྒོར5860ལ་འཕར་བ་རེད། 


འབྲེལ་ཡོད་འོས་སྦྱོར།