ལྷོ་ཁ་ས་ཁུལ་གུང་དཀར་རྫོང་དུ་གསར་བརྗེའི་གླ་གཞས་གཏོང་བའི་འགྲན་བསྡུར་སྤེལ་བ།
ཉེ་དུས་བོད་ལྗོངས་ལྷོ་ཁ་ས་ཁུལ་གུང་དཀར་རྫོང་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ 90འཁོར་བ་དང་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་དགའ་སྤྲོ་འཁོལ་བའི་གོང་དཀར་ཞེས་པའི་གླུ་གཞས་འགྲན་བསྡུར་ཚོགས་པ་རེད།
ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན་ཞེས་པ་དང་ངོ་མཚར་ཆེ་བའི་ཕ་ཡུལ་ཞེས་པ་སོགས་དར་ཁྱབ་ཆེ་བའི་གླུ་གཞས་ཀྱིས་སྨོན་འདུན་ཟབ་མོ་ཞུ་ལུགས་མཚོན་པ་བྱས་པ་དང་བདེ་སྐྱིད་ཀྱི་ལམ་བུའི་ཐོག་ཅེས་པ་སོགས་མི་སེམས་འགུལ་བའི་ཞབས་བྲོས་གུང་དཀར་རྫོང་གི་གྲོང་མིའི་ཡར་ཐོན་གྱི་བསམ་པ་མཚོན་པ་བྱས་ཡོད་པ་རེད།
ལུས་ལ་གཟབ་མཆོར་སྤྲས་པའི་སྟོང་རྭ་ཤང་གི་བགྲེས་སོང་བསྟན་འཛིན་སྐལ་བཟང་གིས་དེ་རིང་གཞས་སྙན་པོ་འདི་འདྲས་ཉན་རྒྱུ་བྱུང་བ་དང་ཞབས་བྲོ་ཡག་པོ་འདི་གྲས་བལྟ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།
གུང་དཀར་རྫོང་ཆ་ཚང་སློབ་ཆུང་གི་གྲོགས་པོ་ཆུང་ཆུང་སྐལ་བཟང་སྒྲོལ་དཀར་དང་དབྱངས་ཅན་གཉིས་ཀྱིས་གར་སྟེགས་ཐོག་གི་འཁྲབ་བསྟོན་པའི་གླུ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་འཕག་ལྡེག་རྒྱབ་པ་དང་ཁོ་གཉིས་ཀྱིས་གསར་འགོད་པར་གཞས་ནང་བཏང་པ་ནང་བཞིན་ད་ལྟ་ང་ཚོ་སློབ་ཡོན་སྐྱལ་དགོས་མེད། ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
གླུ་སྒྲ་དང་ཞབས་བྲོས་ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང༌། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དཔྱིད་ཀྱི་དཔལ་ཡོན་བཞད་ལྟར་གོང་འཕེལ་འགྲོ་བའི་གུང་དཀར་རྫོང་གིས་འཛམ་གླིང་གི་སྐྱེ་བོ་དེ་བས་མང་བའི་ཡིད་དབང་འགུག་ཐུབ་པ་བྱ་རྒྱུ་ཡིན་པ་རེད།