མཚོ་སྔོན་པོའི་གསེར་ཉ་ཚེ་ཐར་གཏོང་བའི་བྱ་འགུལ་སྤེལ་འཆར་ཡོད་པ།
རྩོམ་པ་པོ།:བསོད་ནམས་ལྷ་མོ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་།
དུས་ཚོད།:2011-06-21
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་མཚོ་བྱང་ཁུལ་ཞིང་ཕྱུགས་ཅུའུ། མཚོ་བྱང་ཁུལ་གནས་སྐོར་ཅུའུ་བཅས་ཀྱིས་སྒྲུབ་འགན་ཁུར་བའི་ཁ་བྱང་ལ“སྐྱེ་ཁམས་མཚོ་བྱང་དང་། འཆམ་མཐུན་འཕེལ་རྒྱས”ཞེས་པའི2011ལོའི་མཚོ་སྔོན་པོའི་གསེར་ཉའི་སྒེག་ཉམས་ལ་རོལ་བ་དང་གཉེར་ཉ་ཚེ་ཐར་དུ་གཏོང་པའི་བྱ་འགུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་ནས་སྤེལ་རྒྱུ་རེད། སྐབས་དེར་མཚོ་སྔོན་པོའི་དམངས་ཁྲོད་ཀྱི་མཚོ་མཆོད་བྱ་འགུལ་དང་གསེར་ཉ་ལ་ལྟ་བ། གཉེར་ཉ་ཚེ་ཐར་དུ་གཏོང་བ་བཅས་ཀྱི་མང་ཚོགས་རང་བཞིན་གྱི་རིག་རྩལ་གཙོ་ཡིན་པའི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།