ཨ་ཆེན་གངས་རྒྱབ་ཏུ་ན་ཁུག་ལྟ་ཞིབ་ཚད་ལེན་མ་ལག་ཐོག་མ་བཙུགས་པ།
ཉེ་སྔོན། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ན་ཁུག་ལྟ་ཞིབ་ཚད་ལེན་མ་ལག་ཐོག་མ་བཙུགས་པར་མ་ཟད་བཀོལ་སྤྱོད་བྱེད་མགོ་བརྩམས། ལྟ་ཞིབ་ཚད་ལེན་གྱི་ནང་དོན་ལ་ཆུ་ཡི་མཐོ་ཚད་དང་འདུས་ཚད། སྤུས་ཀ། ཆུའི་བྲི་ཚད། རླངས་འགྱུར། རྡུལ་འབབ་ཚད། ཆུའི་སྐྱེ་དངོས་སོགས་སྣ་མང་པོ་འདུས།
ཨ་ཆེན་གངས་རྒྱབ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཆེས་ཆེ་ཞིང་ཆེས་གཅིག་བསྡུས་ཡིན་པའི་ན་ཁུག་ཅིག་ཡིན་ལ། མཚེའུ་དང་གཙང་ཆུའི་འབབ་ཡུལ་གྱི་ན་ཁུག་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་ཡོད་པ་དང་། མཚེའུ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་ལྔ་ལྷག་ཡོད།
ཨ་ཆེན་གངས་རྒྱབ་ཀྱི་ན་ཁུག་གི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། ན་ཁུག་སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་ལ་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་ཆེད། ཨ་ཆེན་གངས་རྒྱབ་དོ་དམ་ཅུའུ་ཡིས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། འཁྱག་རོམ་ལྟ་ཞིབ་ཚད་ལེན། ནམ་ཟླ་ལྟ་ཞིབ་ཚད་ལེན། རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་སོགས་ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚན་ལེན་གྱི་བྱ་འགུལ་སྣ་མང་སྤེལ་བར་མ་ཟད། ན་ཁུག་ལྟ་ཞིབ་ཚད་ལེན་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་རེད།