མཚོ་སྔོན་མི་རིགས་སློབ་ཆེན་དུ་ཨ་མའི་ལོ་ལོ་གློག་བརྙན་མོས་མཐུན་ཚོགས་པ་ཞིག་བཙུགས་པ།

ཨ་མའི་ལོ་ལོ།
ཨ་མའི་ལོ་ལོ་གློག་བརྙན་མོས་མཐུན་ཚོགས་པ་་ནི་ཉེ་ཆར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་བཙུགས་པའི་གློག་བརྙན་ཕབ་བསྐྲུན་གྱི་ཚོགས་པ་ཞིག་རེད།

ཨ་མའི་ལོ་ལོ་གློག་བརྙན་མོས་མཐུན་ཚོགས་པས་ཚོགས་མི་བསྡུ་བའི་གསལ་བརྡ།
ཚོགས་པ་འདི་ནི་མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་ཆེན་མོའི་ཁྲོད་བཙུགས་པའི་ཆེས་ཐོག་མའི་གློག་བརྙན་ཕབ་བསྐྲུན་གྱི་ཚོགས་པ་རུ་ཆགས་ཡོད་ལ། ཚོགས་པ་འདིའི་ལས་གཞི་རྣམ་གྲངས་ཀྱི་རིགས་ལ། ༡ གློག་བརྙན་ལས་རིགས་ལ་འདྲིས་ཆ་ཡོད་པའི་ཤེས་ཡོན་པ་དང་ཆེད་མཁས་པ་་གདན་འདྲེན་ཞུས་ཏེ་བོད་ཀྱི་གློག་བརྙན་འཕེལ་རྒྱས་དང་འབྲེལ་བའི་བགྲོ་གླེང་དང་འཆད་འཁྲིད་སྤེལ་བ། ༢ བོད་ཀྱི་འཚོ་བ་དང་རིག་གནས་བརྗོད་གཞིར་བྱས་པའི་དངོས་བྲིས་གློག་བརྙན་དང་གསར་རྩོམ་བརྙན་ཐུང་ཕབ་བསྐྲུན་བྱེད་པ། ༣ སློབ་ཆེན་པས་ཕབས་བསྐྲུན་བྱས་པའི་གསར་རྩོམ་བརྙན་ཐུང་དག་ལ་ཆེད་དམིགས་ཀྱིས་འགྲེམས་སྤེལ་ཚོགས་འདུ་སྤེལ་བ་ཡིན་ལ། མི་འགྱངས་པར་ཚོགས་པ་འདིས་བརྙན་ཐུང་ཞིག་ཕབ་བསྐྲུན་བྱེད་པའི་གསར་འགྱུར་ཐོན་ཡོད།
