ཧྲང་ཧེ་ཡིས་རོགས་སྐྲུན་བྱས་པའི་མགོ་ལོག་ཁུལ་སྨན་ཁང་དབྱང་བཟོ་ས་ཚིགས་ལས་ཁག་འཛུགས་སྐྲུན་འགོ་བརྩམས་པ།
རྩོམ་པ་པོ།:ཚེ་དབང་ཐར།
ཡོང་ཁུངས།:མགོ་ལོག་ཁུལ་སྲིད་གཞུང་བོད་ཡིག་དྲ་བ།
དུས་ཚོད།:2011-06-19
ཀློག་གྲངས།:
ཉེ་ལམ། ཧྲང་ཧེ་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་མགོ་ལོག་ཁུལ་སྨན་ཁང་དབྱང་བཟོ་ས་ཚིགས་ལས་ཁག་ལས་འགོ་བརྩམས་ཤིང་། ཧྲང་ཧེ་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་ཅང་ཕེན་དང་ཧྲང་ཧེ་གྲོང་ཁྱེར་ཏང་སྲིད་སྐུ་ཚབ་ཚན་མི། ཁུལ་ཨུའི་ཧྲུའུ་ཅི་ལེན་ཡ་སུང་དང་ཁུལ་དམངས་ཆེན་རྒྱུན་ཨུའི་གཙོ་འགན་རྣམ་རྒྱལ། ཁུལ་གཙོ་པདྨ་རྡོ་རྗེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ཨུའི་ཁུལ་གཙོ་གཞོན་པ་དག་ལས་འགོ་བརྩམས་པའི་མཛད་སྒོར་ཞུགས། མཛད་སྒོ་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་གཙོ་པདྨ་རྡོ་རྗེས་འགོ་འཛིན་བྱས་ཤིང་། ཧྲང་ཧེ་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་ཅང་ཕེན་གྱིས་མཛད་སྒོའི་སྟེང་ལྷག་བསམ་འཁོལ་བའི་ངང་ཤིས་ཚིག་ཕུལ་པ་རེད།
མགོ་ལོག་ཁུལ་སྨན་ཁང་དབྱང་བཟོ་ས་ཚིགས་ལས་ཁག་དེ་ཧྲང་ཧེ་གྲོང་ཁྱེར་མི་དམངས་སྲིད་གཞུང་མཉམ་འབྲེལ་བརྗེ་རེས་གཞུང་སྒྲུབ་ཁང་གིས་འཛུགས་སྐྲུན་མ་དངུལ་ཡོད་ཚད་མཁོ་འདོན་བྱས་པ་དང་། ཧྲང་ཧེ་གྲོང་ཁྱེར་ནུབ་མའི་གྲོང་བསྐྲུན་བཟོ་བཀོད་རྟོག་ཞིབ་ཇུས་འགོད་ཚད་ཡོད་སྤྱི་གཉེར་གྱིས་ཇུས་འགོད་བྱས་ཤིང་། མཚོ་སྔོན་བཟོ་སྐྲུན་ལས་རིགས་འཛུགས་སྐྲུན་ཚད་སྤྱི་གཉེར་གྱིས་ལས་འགོ་བརྩམས། 2011ལོའི་ཟླ8པའི་ཟླ་དཀྱིལ་ལ་བཟོ་བཀོད་ལེགས་འགྲུབ་བྱེད་རྒྱུ། ལས་ཁག་ལ་དབྱང་བཟོ་འཁོར་ཁང་གཅིག་དང་མལ་ཁང་14ཡོད། དེའི་འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི572ཡོད་པ་དང་སྤྱིའི་གཏོང་དངུལ་ཁྲི་སྒོར600ཡིན། འཛུགས་སྐྲུན་གཞི་རྐང་ནི་ཡོམ་འགོག་རིམ་ཚད་རིམ་གསུམ་ཅན་ཡིན་པ་དང་སྤྱོད་ཡུན་ལོ50ཡིན།

འབྲེལ་ཡོད་འོས་སྦྱོར།