གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གསར་འགྱུར་ལེགས་ཤོས་གདམ་པའི་བྱ་འགུལ་མཇུག་རྫོགས་པ།
ཟླ6པའི་ཚེས15ཉིན། སྐབས་གཉིས་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གསར་འགྱུར་ལེགས་ཤོས་ལ་བྱ་དགའ་སྟེར་བའི་གྲོས་ཚོགས་དེ་མཚོ་སྔོན་རྣམ་རྒྱལ་མགྲོན་ཁང་ནས་བསྡུས། ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
སྟག་འབུམ་ཐར་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་བཟོ་སྐྲུན་གཙོ་བོ་ཞིག་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཞིག་ཀྱང་ཡིན། 2005ལོ་ནས་མགོ་བརྩམས་པ་ནས་བཟུང་། གསར་འགྱུར་ལས་ཁུངས་སོ་སོ་དང་གསར་འགྱུར་བྱ་བ་བྱེད་མཁན་རྣམས་ཀྱིས་ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་ལས་རྐང་དང་པོར་ཞུགས་པ་དང་གཏིང་ཟབ་པའི་སྒོ་ནས་དྲིལ་སྒྲོག་བྱེད་པ་བཅས་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཐད་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཅིང་སྟོབས་དང་ལྡན་པའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། གསར་འགྱུར་ལས་ཁུངས་སོ་སོ་དང་རྒྱ་ཆེ་བའི་གསར་འགྱུར་བྱ་བ་བྱེད་མཁན་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་ཆེ་ཕྱོགས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་སོགས་ཇེ་དྲག་ཏུ་བཏང་སྟེ། རང་རྟོགས་དང་ཧུར་བརྩོན་ཆེན་པོས་གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་གསར་འགྱུར་དྲིལ་སྒྲོག་བྱ་བའི་ཁྲོད་ཞུགས་ནས། སྔར་ལས་ལྷག་པའི་སྒོ་ནས་གསར་འགྱུར་གྱི་སྤུས་ཚད་དང་གླེང་ཕྱོགས་ཀྱི་མཛུབ་སྟོན་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཟེར།