logo

མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས་བཅུ་བས་ལོ་རྒྱུས་ཀྱི་ཐོལ་བརྒལ་གསུམ་མངོན་འགྱུར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2011-06-18 ཀློག་གྲངས།:

            གསར་འགོད་པས་མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མཚོ་བསྐོར་འགྲན་བསྡུར་གྱིས་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་གསུམ་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། མཚོ་བསྐོར་འགྲན་བསྡུར་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་དཀྱོག་མཚམས་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་རེད།
            རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ལྕགས་རྟ་དང་གྲི་རྩལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཝང་ཞོན་ཆིན་གྱིས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་མཚོ་སྐོར་འགྲན་བསྡུར་གྱིས་ཐོལ་བརྒལ་གསུམ་མངོན་འགྱུར་བྱེད་རྒྱུ་ཡིན་ཏེ། གཅིག་ནི་ཐོག་མར་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ལས་བརྒལ་བ་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། འགྲན་མཚམས་དགུ་བ་དང་བཅུ་བ་གཉིས་ཀན་སུའུ་མངའ་ཁོངས་སུ་སྤེལ་རྒྱུ་དང་། མཇུག་བསྡུ་བའི་མཛད་སྒོ་ཡང་ཞིང་ཆེན་ཕྱིའི་མངའ་ཁོངས་སུ་ཚོགས་རྒྱུ་རེད། གཉིས་ནི་བྱ་དགའི་སྒོར་མོ་ཚད་མཐོན་པོས་མཐོར་འདེགས་ས་བཏང་བ། གླིང་ཆེན་ཨ་ཤེ་ཡའི་རིམ་པ་མཚུངས་པའི་འགྲན་བསྡུར་ཁྲོད་སྤྱིའི་བྱ་དགའི་སྒོར་མོ་ཨ་སྒོར་ཁྲི50ཡིས་ཨང་དང་པོ་ཟིན་ཡོད་ལ། དེས་སྔར་ལས་མང་ཞིང་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་འགྲན་བསྡུར་ལ་ཞུགས་པར་ཚུར་འགུག་བྱེད་ཐུབ། གསུམ་ནི་འགྲན་ཞུགས་རུ་ཁག་ནི་ཧྥ་རན་སིར་བསྐོར་བའི་རུ་ཁག་དང་འདྲ་བར་རུ་ཁག22ཡོད་ལ། རྒྱལ་སྤྱིའི་ལྕགས་རྟ་མཉམ་འབྲེལ་མཐུན་ཚོགས་ཀྱི་གླིང་ཆེན་ཆེད་ལས་རུ་ཁག6ཡོད་པས་ཐེངས་སྔོན་མ་དག་ལས་ཆེས་མང་བ་དང་མཚོ་སྐོར་འགྲན་བསྡུར་གྱི་ལོ་རྒྱུས་གསར་བ་ཞིག་བསྐྲུན་ཡོད།
            མཚོ་བསྐོར་འགྲན་བསྡུར་སྐབས་བཅུ་བ་དེ་ཟླ7པའི་ཚེས1ཉིན་ནས་ཚེས10ཉིན་བར་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ནས་སྤེལ་རྒྱུ་རེད། མཚོ་སྐོར་འགྲན་བསྡུར་སྐབས་བཅུ་བ་བསུ་ཆེད་རྩ་འཛུགས་ལྷན་ཚོགས་ཀྱིས་ཆ་སྡེབ་བྱ་འགུལ15དང་མང་ཚོགས་ལུས་རྩལ་བྱ་འགུལ50ལྷག་གཏན་འཁེལ་བྱས་པས། རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱེད་པའི་ཚད་མཐོན་པོས་ཐུགས་ཁུར་ཐོབ།


འབྲེལ་ཡོད་འོས་སྦྱོར།