མཚོ་སྔོན་གྱི་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་སྟོན་འདུ་ཚོགས་ཟི་ལིང་ནས་འཚོགས་རྒྱུ་ཡིན་པ།
མཚོ་སྔོན་གྱི་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་སྟོན་འདུ་ཚོགས་ཀྱི་ཡུལ་དངོས།
རྒྱལ་ཁབ་ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི2011ལོའི་མཚོ་སྔོན་གྱི་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་སྟོན་འདུ་ཚོགས་ཚེས20ནས་ཚེས23ཉིན་བར་ཟི་ལིང་གྲོང་ཁྱེར་གྱི་མཁར་ལྷོའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་འཚོགས་རྒྱུ་རེད།
ཟླ6ཚེས13ཉིན་འཚོགས་པའི2011ལོའི་མཚོ་སྔོན་གྱི་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་སྟོན་འདུ་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིན་ཀྲང་གཞོན་པ་བང་ཅིན་ཕེན་གྱིས་མཚོ་སྔོན་གྱི་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམ་སྟོན་འདུ་ཚོགས་ནི་འཛམ་གླིང་ཡོངས་ཀྱི་ལག་འཐག་ས་གདན་བརྗེ་རེས་དང་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། དེས་མཚོ་སྔོན་དང་བོད་ལྗོངས་ཀྱི་ས་གདན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་པར་མ་ཟད། བོད་ཀྱི་ས་གདན་ཐོན་ལས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ནུས་པ་ཆེན་པོ་འདོན་རྒྱུ་ཡིན་པའི་སྐོར་བརྗོད་པ་རེད།