logo

ལྷ་ལྡན་གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ལས་གཞི་གེགས་མེད་བདེ་བླག་ངང་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-06-10 ཀློག་གྲངས།:


ཞིག་གསོ་ལས་གཞི་ཡོངས་སུ་མཇུག་རྫོགས་པ།

             དུས་ཡུན་ལོ་ངོ་གཉིས་རིང་གི་ལྷ་ལྡན་གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོབ་ཞིག་གསོའི་ལས་གཞི་དེ་ཟླ6པའི་ཚེས8ཉིན་ཡོངས་སུ་ལེགས་འགྲུབ་བྱུང་པ་དང་། ལེགས་འགྲུབ་མཛད་སྒོ་གཙུག་ལག་ཁང་དུ་གཟབ་རྒྱས་ངང་བསྡུས།
             ད་ལྟའི་བར་ལྷ་ལྡན་གཙུག་ལག་ཁང་དེར་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་ཞིང་། 1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོར་དང་པོའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་ཚུད་པ་ཁྱབ་བསྒྲགས་གནང་བ་དང་། 2000ལོའི་ཟླ11པར་མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་རྩ་འཛུགས་ཀྱིས་འཛམ་གླིང་གི་ཤུལ་བཞག་རིག་དངོས་ཏེ་ཕོ་བྲང་པོ་ཏ་ལའི་རྒྱ་བསྐྱེད་རྣམ་གྲངས་ནང་བཞག་པ་རེད།


ཡུལ་ཕྱོགས་སོ་སོའི་ཡུལ་སྐོར་བ་བསུས་པ།

             རྒྱུས་ལོན་བྱུང་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་རིག་དངོས་སྲུང་སྐྱོབ་ཀྱི་གཙོ་གནད་ལས་གཞིའི་ནང་དུ་ལྗོངས་ཡོངས་ཀྱི་རིག་དངོས་སྡེ་ཚན22ཡོད་པ་དང་། ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར55བཏང་བ་རེད། དེང་སྐབས་རིག་དངོས་སྲུང་སྐྱོབ་ཀྱི་ལས་གཞི9ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། རིག་དངོས་སྲུང་སྐྱོབ་ཀྱི་ལས་གཞི6ཙམ་གྱི་ཡན་ལག་ལས་གཞི་ལེགས་འགྲུབ་བྱུང་བ་དང་། རིག་དངོས་སྲུང་སྐྱོབ་ལས་གཞི7ཞིག་གསོ་བྱེད་བཞིན་པའི་སྒང་ཡིན།


འབྲེལ་ཡོད་འོས་སྦྱོར།