logo

མགོ་ལོག་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་སྡེར་ནང་གཟབ་བྲིས་བཀོལ་སྤྱོད་བྱེད་རྩིས་ཡོད་

རྩོམ་པ་པོ།:ལྷ་མོ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-13 ཀློག་གྲངས།:


སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས།

  “སྡེར་ནང་གཟབ་བྲིས”ཞེས་པ་ནི་བོད་ཀྱི་ཡིག་གཟུགས་རིགས་ཤིག་ཡིན་ལ།  ཡིག་གཟུགས་དེ་ནི་བཙན་པོ་རྒྱལ་རབས་ནས་བྱུང་ཞིང་།  དུས་རབས་བརྒྱད་པའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ།  ལོ་ཙཱ་བ་ཆེན་མོ་བེེ་རོ་ཙ་ན་ཁམས་ཕྱོགས་ལ་ཕེབས་དུས།  ལམ་བར་མགོ་ལོག་སྡེར་ནང་ས་ཆ་བརྒྱུད་སྐབས་སློབ་བུ་བསྡུས་ནས་ཡིག་གཟུགས་འབྲི་སྦྱང་བསླབ་པ་རེད། ཕྱིས་སུ་དུས་རབས18ནས་དུས་རབས19དུས་མགོར།  སྡེར་ནང་ས་ཆའི་གྲྭ་བ་ས་གནམ་བསྟན་འཛིན་ཞེས་པས་སྔར་ཡོད་བེེ་རོའི་ཡིག་གཟུགས་རྨང་གཞིར་བྱས་ཐོག་སྡེ་དགེའི་ཡིག་གཟུགས་ལ་ཁུངས་གཏུགས་ནས་མཐར་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཡིག་གཟུགས་ཤིག་གསར་གཏོད་མཛད་ཅིང་།  དེ་ཡང་ཡིག་གཟུགས་འདི་དར་ལག་རྫོང་གི་སྡེར་ནང་ས་ཆར་དར་ཁྱབ་ཆེ་བས“སྡེར་ནང་གཟབ་བྲིས”ཞེས་འབོད་པ་རེད། 


སྡེར་ནང་གཟབ་བྲིས་ཡིག་གཟུགས་རྒྱུན་འཛིན་པ་པད་གྲགས།

  ཡིག་གཟུགས་དེར་མཛེས་རྩལ་གྱི་ཆ་མངོན་པར་བཏོད་པས་དེ་ལ་མཛེས་དཔྱོད་དང་བེད་སྤྱོད་ཀྱི་རིན་ཐང་ཆེ་ཆེར་ལྡན་ཞིང་།  རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་འདུག   ད་ལོའི་ལོ་མགོར།  མགོ་ལོག་ཁུལ་རིག་རྩལ་ཅུའུ་དང་།  དར་ལག་རྫོང་སྡེར་ནང་ས་བྲིས་མྱུར་སྐྱོབ་ཚན་ཆུང་། བོད་ལྗོངས་སློབ་ཆེན་དང་ལྷ་སའི་བོད་ལོ་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་མཉམ་འབྲེལ་གྱིས་མ་དངུལ་སྒོར་ཁྲི15བཏང་ནས་སྡེར་ནང་གཟབ་བྲིས་ཀྱི་གློག་ཀླད་ཡིག་མཛོད་གསར་བཟོ་བྱེད་རྒྱུར་གྲོས་མཐུན་བྱུང་བ་རེད།


སྡེར་ནང་གཟབ་བྲིས་ཡིག་གཟུགས་མྱུར་སྐྱོབ་བྱེད་བཞིན་པའི་ཚུལ།

  སྡེར་ནང་གཟབ་བྲིས་ལ་ཡིག་གཟུགས་རྣམ་པ་གསུམ་འདུས་ཤིང་།  སྡེར་ནང་གཟབ་བྲིས་བོད་ཡིག་ཡིག་མཛོད་གསར་བཟོ་བྱེད་རྒྱུ་ནི་མགོ་ལོག་ཁུལ་གྱིས་ཁྱད་འཕགས་ཅན་གྱི་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ནས་བཀོལ་སྤྱོད་ཐད་ལ་འབད་འབུངས་བྱེད་པའི་དན་རྟགས་ཤིག་ཡིན་པས།  ཁྱད་འཕགས་ཅན་གྱི་མི་རིགས་རིག་གནས་སྲུང་སྐྱོབ་དང་གསར་གཏོད་བྱེད་པར་ནུས་པ་གལ་ཆེན་ཐོན་ངེས་པ་མ་ཟད།  ཁུལ་ཡོངས་ཀྱི་མི་རིགས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་དུ་སྤེལ་བར་ཡང་ཡར་སྐུལ་གྱི་ནུས་པ་ཐོན་ཡོད་རེད། 


འབྲེལ་ཡོད་འོས་སྦྱོར།