logo

གེ་སར་ཞིབ་འཇུག་ཆེད་མཁས་ནོར་བུ་དབང་ལྡན་ལགས་ཀྱིས་མཚོ་སྔོན་ནས་གཟིགས་ཞིབ་གནང་བ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-10 ཀློག་གྲངས།:

གེ་སར་ཞིབ་འཇུག་ཆེད་མཁས་ནོར་བུ་དབང་ལྡན་ལགས་ཀྱིས་བྱ་བར་མཛུབ་སྟོན་གནང་བཞིན་པ།

བྱ་བའི་སྙན་ཞུ་འབུལ་བཞིན་པ།

        ཉེ་ཆར།  རྒྱལ་ཡོངས་གེ་སར་ཞིབ་འཇུག་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ཏེ་གེ་སར་རིག་པའི་ཆེད་མཁས་ནོར་བུ་དབང་ལྡན་གྱིས་མཚོ་སྔོན་ཞིང་ཆེན་གེ་སར་ལོ་རྒྱུས་སྙན་ངག་ཞིབ་འཇུག་ཁང་ཏུ་གཟིགས་ཞིབ་མཛད་དེ་བྱ་བར་མཛུབ་སྟོན་གནང་བ་རེད།
        གཟིགས་ཞིབ་གནང་སྐབས་ཁོང་གིས་མཚོ་སྔོན་ནི་གེ་སར་སྒྲུང་གི་འཚོལ་སྡུད་དང་།  ལེགས་སྒྲིག  ལོ་ཙྭ།  ཞིབ་འཇུག་དང་དཔར་སྐྲུན་བཅས་ཀྱི་བྱ་བ་སྤེལ་འགོ་བརྩམས་པ་ཆེས་སྔ་བའི་ཞིང་ཆེན་ཞིག་ཡིན་ཞིང་།  ཞིང་ཆེན་ཡོངས་ཀྱི་གེ་སར་ཞིབ་འཇུག་བྱ་བའི་འབྲེལ་འཛུགས་དང་མཐུན་སྦྱོར།  ཞབས་འདེགས།  མཛུབ་སྟོན།  དྲིལ་བསྒྲགས་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ཅེས་གསུངས་ཤིང་།  བྱ་བའི་སྙན་ཞུ་ལ་ཞིབ་ཏུ་གསན་རྗེས་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་ལོ་རྒྱུས་སྙན་ངག་ཞིབ་འཇུག་ཁང་གི་བྱ་བའི་གྲུབ་འབྲས་ཐད་ལ་གདེངས་འཇོག་མཐོན་པོ་གནང་བར་མ་ཟད།  རྒྱལ་ཡོངས་གེ་སར་རིག་པའི་གྲངས་མཛོད་དང་མཚོ་སྔོན་ཡན་ལག་གྲངས་མཛོད་ཀྱི་འཛུགས་གཉེར་བྱ་བའི་ཕྱོགས་སུའང་རིན་ཐང་ལྡན་པའི་དགོངས་འཆར་གལ་ཆེན་བཏོན་པ་རེད། 


འབྲེལ་ཡོད་འོས་སྦྱོར།