logo

པེ་ཅིང་དུ་བོད་ཀྱི་ཐང་ག་སྤུས་ལེགས་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།:སྒྲོལ་མ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-05-10 ཀློག་གྲངས།:


ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་ལགས་དང་། ཀྲུང་གོའི་
མཛེས་རྩལ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཅིན་ཧྲང་དབྱི་ལགས་ཀྱིས་
འགྲེམ་སྟོན་མགོ་རྩོམ་པ་མཚོན་པའི་དར་ཚོན་གཅོད་བཞིན་པ།

             ཟླ5པའི་ཚེས8ཉིན་གྱི་ཕྱི་དྲོར། བོད་ལྗོངས་མཛེས་རྩལ་མཐུན་ཚོགས་དང་བོད་ལྗོངས་པར་རིས་ཁྱམས་རིང་སོགས་ཀྱིས་མཉམ་འབྲེལ་ངང་སྒྲུབ་པའི་བོད་ཀྱི་ཐང་ག་སྤུས་ལེགས་ཀྱི་འགྲེམ་སྟོན་དེ་པེ་ཅིང་གི་སུན་ཀྲང་བོད་ཀྱི་པར་རིས་ཁྱམས་རིང་དུ་དངོས་སུ་མགོ་བརྩམས་ཤིང་།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་ལགས་དང་། ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ།  རི་མོ་བ་སྐད་གྲགས་ཅན་ཅིན་ཧྲང་དབྱི་ལགས་སོགས་དང་། བོད་ཀྱི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་མི་སྣ་འགའ་མགོ་ཚུགས་མཛོད་སྒོའི་སྟེང་ཕེབས་ཡོད་པ་རེད།


ཕུན་ཚོགས་བཀྲ་ཤིས་ཀྱི་བརྩམས་ཆོས་ཤཱཀྱ་མུ་ནེ།


དཀོན་མཆོག་གི་བརྩམས་ཆོས་འཇམ་པའི་དབྱངས།

             རི་མོ་བ་ཅིན་ཧྲང་དབྱི་ལགས་ཀྱིས་ཐང་གའི་འགྲེམ་སྟོན་ལ་བལྟས་རྗེས་འདི་ལྟར། ཐེངས་འདིའི་བོད་ཀྱི་ཐང་གའི་འགྲེམ་སྟོན་སྟེང་འགྲེམ་སྟོན་བྱས་པའི་བོད་རིགས་གཞོན་སྐྱེས་ལྷ་བཟོ་བའི་ཕུལ་བྱུང་ཐང་ག་དེ་དག་ལས་མཐོང་ཐུབ་པ་ནི། ཁོང་ཚོས་བོད་མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་རྒྱུད་འཛིན་བྱས་པ་མ་ཟད། ད་དུང་དེ་འཕེལ་རྒྱས་སུ་བཏང་བ་མཐོང་ཐུབ་ཅེས་དང་།   གཞོན་སྐྱེས་ལྷ་བཟོ་བ་རྣམས་ཀྱིས་མུ་མཐུད་དུ་དེ་དར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་ནི་ངའི་རེ་བ་ཡིན་ཞེས་བརྗོད་བྱུང་།


ཚེ་རིང་དབང་རྒྱལ་གྱི་བརྩམས་ཆོས་སྒྲོལ་མ་དཀར་མོ།


པུའུ་ཀྲང་གཞོན་པ་སྲི་ཐར་ལགས་ཀྱིས་བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་
ཀྲུའུ་ཞི་ཧན་ཧྲུའུ་ལི་དང་གླེང་མོལ་བྱེད་བཞིན་པ།

             ཐེངས་འདིའི་འགྲེམ་སྟོན་སྟེང་བོད་ཀྱི་ཕུལ་བྱུང་གཞོན་སྐྱེས་ལྷ་བཟོ་བ་ནོར་བུ་སྲི་ཐར་དང་། ཚེ་རིང་དབང་རྒྱལ། ཕུན་ཚོགས་བཀྲ་ཤིས། དཀོན་མཆོག་བཅས་ཀྱི་ཐང་གའི་བརྩམས་ཆོས40ཙམ་འགྲེམ་སྟོན་བྱས་ཡོད་ལ།  དེའི་ནང་གི་ཐང་གའི་བརྩམས་ཆོས་འགའ་ནི་བོད་ཀྱི་དགོན་པ་གྲགས་ཅན་ནས་བསྡུ་ཉར་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།