logo

འབྲས་སྤུངས་དགོན་པ་ཉམས་གསོའི་བཟོ་སྐྲུན་ད་ལོར་ཡོངས་འགྲུབ་བྱེད་ངེས་པ།

རྩོམ་པ་པོ།:ཕྱུག་ལོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-05-09 ཀློག་གྲངས།:

            2009ལོ་ནས་བཟུང་ལག་བསྟར་བྱས་པའི་ལྷ་སའི་འབྲས་སྤུངས་དགོན་པ་ཉམས་གསོ་བྱེད་པའི་བཟོ་སྐྲུན་གྱི་འཕེལ་རིམ་ད་ལྟ་བདེ་བླག་ཡིན་ལ། ལས་གཞི་ཁ་ཤས་ལེགས་གྲུབ་བྱུང་བ་དང་། བཟོ་སྐྲུན་ཡོངས་རྫོགས་ད་ལོར་ཡོངས་འགྲུབ་བྱེད་པར་རེ་བ་ཆེ།  གསར་འགོད་པས་བཟོ་སྐྲུན་ལག་བསྟར་བྱེད་ཡུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་ཉམས་གསོའི་བཟོ་སྐྲུན་གཙོ་བོ་སྟེ་འབྲས་སྤུངས་དགོན་པའི་ཚོགས་ཆེན་འདུ་ཁང་ཕལ་ཆེར་ཉམས་གསོ་བྱས་ཚར་ལ། དགའ་ལྡན་ཕོ་བྲང་དང་སྔགས་པ་གྲྭ་ཚང་གི་བཟོ་སྐྲུན་ལས་གཞི་ཡོངས་རྫོགས་ལེགས་གྲུབ་བྱས་ཡོད། བདེ་གཡང་གྲྭ་ཚང་གི་ཇུས་འགོད་བཟོ་སྐྲུན་གྱི80%ཡོངས་གྲུབ་བྱས་ཡོད་པ་དང་། ད་ལོའི་ཟླ3པར་ལག་བསྟར་བྱེད་མགོ་བརྩམས་པའི་སྒོ་མང་གྲྭ་ཚང་དང་བློ་གསལ་གླིང་གྲྭ་ཚང་གི་ཉམས་གསོ་བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་བཞིན་ཡོད་ཟེར། 
            2008ལོའི་ཟླ4བར། བོད་ལྗོངས་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་པའི་ཉམས་གསོ་བཟོ་སྐྲུན་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་། དེ་གཙོ་བྱས་པའི་སྤྱིའི་མ་དངུལ་གཏོང་ཚད་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་བདུན་ཡིན་པའི་བོད་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་རིག་གནས་གནའ་ཤུལ་གལ་ཆེན22ཀྱི་ཉམས་གསོ་སྲུང་སྐྱོབ་བཟོ་སྐྲུན་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། མ་དངུལ་སྒོར་མོ་བྱེ་བ་དྲུག་དང་ས་ཡ་ལྔ་གཏོང་བའི་འཆར་གཞི་ཡོད་པའི་འབྲས་སྤུངས་དགོན་པ་ཉམས་གསོ་བྱེད་པའི་བཟོ་སྐྲུན་ཡང་དེའི་ཁྲོད་ཀྱི་བཟོ་སྐྲུན་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།