logo

མཚོ་བོད་ལྕགས་ལམ་གྱི་འཕྲོད་བསྟེན་འགན་སྲུང་བྱ་བའི་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།:ཤ་བོ་སྐྱབས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-05-09 ཀློག་གྲངས།:

            མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིན་དང་མཚོ་བོད་ལྕགས་ལམ་ཀུང་ཟི་གཉིས་ཀྱིས་ཟླ5བའི་ཚེས5ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་མཚོ་གྲོང་བརྡལ་ནས་མཉམ་འབྲེལ་སྒོས2011ལོའི་མཚོ་བོད་ལྕགས་ལམ་གྱི་འཕྲོད་བསྟེན་འགན་སྲུང་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ཏུ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་མཚོ་བོད་ལྕགས་ལམ་གྱི་འཕྲོད་བསྟེན་འགན་སྲུང་བྱ་བར་སྤྱི་སྡོམ་བྱས་པ་དང་ད་ལོའི་བྱ་བའི་ལས་འགན་སྣ་ཚོགས་ལ་བཀོད་སྒྲིག་བྱས།
            གྲོས་ཚོགས་སྟེང་མཚོ་བོད་ལྕགས་ལམ་གྱི་འཕྲོད་བསྟེན་འགན་སྲུང་བྱ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་ལས་དོན་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལོ་ལྔའི་རིང་ལ་ལྕགས་ལམ་འགྲམ་རྒྱུད་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་སྡེ་ཁག་དང་། ལྕགས་ལམ་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཕྲོད་བསྟེན་འགན་སྲུང་ཐད་ནས་བརྟན་བརླིང་གི་གྲུབ་འབྲས་བླངས་ཏེ་བྱས་རྗེས་མངོན་གསལ་བཞག་ཡོད་ཅེས་བསྟན།
            གྲོས་ཚོགས་སྟེང་ད་ལོར་མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་སྡེ་ཁག་གིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་དེ་སྨན་བཅོས་བཅོས་སྒྱུར་ལས་འགན་དང་ཟུང་འབྲེལ་བྱས་ཏེ། འཕྲོད་བསྟེན་འགན་སྲུང་གི་ནུས་པ་ཇེ་ཆེར་བཏང་ནས། སྨན་བཅོས་བཅོས་སྒྱུར་བྱ་བ་བརྟན་བརླིང་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།


འབྲེལ་ཡོད་འོས་སྦྱོར།