logo

ཡུལ་ཤུལ་གྱིས་ས་འགུལ་གནོད་འཚེའི་རྗེས་ཀྱི་སྐྱེ་ཁམས་སླར་གསོ་བྱེད་བཞིན་ཡོད་པ།

རྩོམ་པ་པོ།:རིན་ཆེན་གྱིས་བསྒྲིགས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  དུས་ཚོད།:2011-05-07 ཀློག་གྲངས།:
           ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བསྐྱར་འཛུགས་བྱ་བ་བདེ་བླག་ངང་བསྒྲུབ་བཞིན་ཡོད། ད་ལོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ལ་མ་དངུལ་སྒོར་དུང་ཕྱུར་བརྒྱད་ལྷག་བཏང་།
            སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པ་ནི་ཡུལ་ཤུལ་སླར་གསོ་བསྐྱར་འཛུགས་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་སྤྱིའི་འཆར་འགོད་ནང་གཏན་ལ་ཕབ་པའི་བསྐྱར་འཛུགས་དམིགས་འབེན་གལ་ཆེན་ལྔའི་ནང་གི་གཅིག་ཀྱང་ཡིན། རྒྱུས་ལོན་བྱུང་བ་ལྟར་ན།ས་འགུལ་བྱུང་ནས་ལོ་གཅིག་འགོར་བའི་རིང་ལ། ཡུལ་ཤུལ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐད་ལ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་ལྔ་བཏང་། སྔ་གཞུག་ཏུ་བྱེ་ས་མུའུ་འབུམ་གཅིག་དང་ཁྲི་བཞི་བཅོས་སྐྱོང་བྱས་པ་དང་། རློན་ས་གཙོ་བོ་མུའུ་འབུམ་གཅིག་དང་ཁྲི་བཞིར་སྲུང་སྐྱོབ་བྱས་པ། ས་ནག་ཐང་མུའུ་འབུམ་གཉིས་དང་ཁྲི་གཅིག་བཅོས་སྐྱོང་བྱས་པ། ས་མུའུ་འབུམ་གཉིས་དང་ཁྲི་གཅིག་ལ་རི་བཀག་ནགས་གསོ་བྱས་པར་མ་ཟད། ད་རུང་འབྲོག་པ་ཁྱིམ་ཚང་སྟོང་བཞི་དང་ཁྲི་དགུ་ལྷག་ལ་ཕྱུགས་སྤྱིལ་ལས།
            2011ལོའི་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞིའི་ཁྲོད། སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཅིག་བཀོད་སྒྲིག་བྱས་ཡོད་ལ། མ་དངུལ་དེ་དག་གཙོ་བོར་སྐྱེ་ཁམས་ཉམས་གསོ་དང་། ཁོར་ཡུག་བཅོས་སྐྱོང། ས་ཞིང་དག་ཐེར་དང་བཅོས་སྐྱོང་། རང་བྱུང་གནོད་འཚེ་འགོག་བཅོས་བྱེད་པ་བཅས་ལས་གཞི་ཆེན་པོ་བཞིའི་ཐད་བཀོལ་སྤྱོད་བྱེད་རྒྱུ་རེད། གཞན་ཡང་། ད་ལོར་གཙང་གསུམ་འབྱུང་ཡུལ་བཟོ་སྐྲུན་གྱིས་ཡུལ་ཤུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐད་ལའང་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་བཏང་ཡོད། མ་དངུལ་དེ་དག་ས་མུའུ་འབུམ་གཉིས་དང་ཁྲི་གཉིས་ལ་རི་བཀག་ནགས་གསོ་བྱེད་པ་དང་། བྱེ་ས་མུའུ་ཁྲི་བདུན་བཅོས་སྐྱོང་བྱེད་པ། རློན་ས་གཙོ་བོ་མུའུ་འབུམ་གཉིས་ལ་སྲུང་སྐྱོབ་བྱེད་པ། ས་ནག་ཐང་མུའུ་འབུམ་གསུམ་དང་ཁྲི་ལྔ་བཅོས་སྐྱོང་བྱེད་པ་སོགས་ཐད་ལ་བཀོལ་སྤྱོད་བྱེད་རྒྱུ་རེད། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བས་བཤད་པ་ལྟར་ན། བཟོ་སྐྲུན་ལས་གཞི་དེ་དག་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་མིན་ནའང་། ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་དང་ཟུང་འབྲེལ་བྱས་ཡོད། ལས་གཞི་དེ་དག་ལག་བསྟར་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཀྱི་སྤྱིའི་གནས་ཚུལ་ཇེ་ལེགས་སུ་གཏོང་ཐུབ་ཟེར།


འབྲེལ་ཡོད་འོས་སྦྱོར།