logo

མཚོ་སྔོན་པོ་བྱེ་མ་ལ་བདུན་གེ་སར་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-04 ཀློག་གྲངས།:


གེ་སར་རིག་གནས་ཤུལ་བཞག་གི་བྱེ་མ་ལ་བདུན་ཞེས་པའི་རྡོ་བྱང་། 

           ཉེ་ལམ།  རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོ་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ནོར་བུ་དབང་ལྡན། མཚོ་སྔོན་ཞིང་ཆེན《གེ་སར》ཞིབ་འཇུག་ཁང་གི་འགོ་གཙོའམ་ཞིབ་འཇུག་གཞོན་པ་སྙིང་བོ་ཚེ་རིང་སོགས་གེ་སར་ཆེད་མཁས་རྣམས་ཀྱིས་མཚོ་སྔོན་པོ་ཤར་རྒྱུད་བྱེ་མ་ལ་བདུན་དུ་རྟོག་ཞིབ་བྱས་པ་བརྒྱུད།   བྱེ་མ་ལ་བདུན་གེ་སར་རིག་གནས་ཤུལ་བཞག་གྱི་མཚན་བྱང་བགེལ་བའི་མཛད་སྒོ་སྤེལ་པ་རེད།


བྱེ་མ་ལ་བདུན་རྡོ་བྱང་། 

           མང་ཚོགས་རང་འགུལ་གྱིས་རྩ་འཛུགས་དང་སྒེར་གྱི་དཔལ་འབྱོར་བསྡུས་ཏེ་འཛུགས་སྐྲུན་གནང་བའི་བྱེ་མ་ལ་བདུན་གེ་སར་གཤམ་སྟོན་ཁང་དང་གེ་སར་དཔེ་མཛོད་ཁང་།  དེ་མིན་གེ་སར་དང་འབྲེལ་ཡོད་རིག་གནས་ཤུལ་བཞག་སོགས་ལ་ཆེད་དུ་རྟོག་ཞིབ་བྱས་པ་རེད་འདུག
           རབ་འབྱམས་པ་ནོར་བུ་དབང་ལྡན་གྱིས་བཤད་རྒྱུར།  མཚོ་སྔོན་པོ་བྱེ་མ་ལ་བདུན་ནི་ལོ་རྒྱུས་སྟེང་མི་རིགས་རིག་གནས་འབྲེལ་འདྲིས་བྱེད་གནས་གལ་ཆེ་ཤོས་དེ་ཡིན་ཞིང་།  《གེ་སར》གཏམ་རྒྱུད་ཁྱབ་སྤེལ་བྱེད་ཤུགས་དྲག་པའི་གནས་ཀྱང་ཡིན་ལ།  ས་འདིའི་འབྲེལ་ཡོད་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པ་ནི་གེ་སར་རིག་གནས་ཀྱི་མྱུར་སྐྱོབ་དང་སྲུང་སྐྱོང་།  འཕེལ་རྒྱས།  དེ་མིན་མང་ཚོགས་ལ་ཡར་སྐུལ་བྱས་པ་བརྒྱུད་དེ《གེ་སར》གྱི་གཏམ་རྒྱུད་གསར་བའི་རིགས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད། 
           བྱེ་མ་ལ་བདུན་ནི་ཟི་ལིང་མཁར་ནས་ནུབ་ཏུ་སྤྱི་ལེ135ཡི་ཕྱོགས་སུ་ཡོད་ཅིང་།  མཚོ་ངོས་ལས་སྨི3200ནས4200བར་ཡིན། གནས་འདི་ནི《གེ་སར》སྒྲུང་རིང་དུ“ལ་བདུན་ནོར་བུ་ཆ་བདུན”ཟེར་ལ།  མིང་དུ་གྲགས་པའི་ཡུལ་སྐོར་མཛེས་ལྗོངས་དང་གལ་ཆེ་བའི་ལོ་རྒྱུས་རིག་གནས་ས་ཁུལ་ཏེ།  མིའི་རིགས་དཔལ་ཡོན་གྱི་གྲུབ་ཆ་ཆེ་ཤོས་སུ་སྣང་བ་དང་།  རང་བྱུང་དང་རིག་གནས་ཟུང་ལྡན་གྱི་རིན་ཐང་མཆིས་ཏེ།  འཛམ་གླིང་སྐྱེ་དངོས་དང་རིག་གནས་སྣ་མང་རང་བཞིན་སྲུང་སྐྱོང་གི་ས་ཁུལ་གཙོ་བོ་རུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། 


བྱེ་མ་ལ་བདུན་གེ་སར་གཤམ་སྟོན་ཁང་དུ་རྟོག་ཞིབ་བྱེད་པ།

            《གེ་སར》ཆེད་མཁས་པས་རྟོག་ཞིབ་དང་བདེན་དཔང་བྱས་པ་ལྟར་ན།  མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་བྱེ་མ་ལ་བདུན་ནི་གེ་སར་རིག་གནས་ཤུལ་བཞག་གི་གནས་ཤིག་ཡིན་པ་དང་།  ཕུན་སུམ་ཚོགས་པའི་གེ་སར་རྒྱལ་བོའི་གཏམ་རྒྱུད་ཡོད་པར་སྐད།  ཉེ་བའི་ལོ་འགའི་རིང་ལ།  འདི་གར་རྡོ་ཆས་དང་།  རུས་ཆས།   མདའ་ཆས།  རྒྱན་ཆས་སོགས་གནའ་རྫས་རྟོག་ཞིབ་ཀྱི་རིན་ཐང་ཆེ་བའི་དངོས་རྫས་གསར་རྙེད་བྱུང་མྱོང་བ་རེད།   《ཨ་མདོའི་ཆོས་སྲིད་ལོ་རྒྱུས》དང་།  《རྟ་རྒྱུག་རྒྱལ་འཇོག》།   《རྟ་རྒྱུག་ནོར་བུ་ཆ་བདུན》སོགས་དཔེ་གཞུང་ཁྲོད་དུ་མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་བྱེ་མ་ལ་བདུན་གྱི་འབྲེལ་ཡོད་ལོ་རྒྱུས་གསལ་བོར་བརྗོད་ཡོད་ལ།  དེ་ནི་འཛམ་གླིང་གི་ཆེས་རིང་བའི་བོད་རིགས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་གི་གནས་ཤུལ་གྲགས་ཅན་ཡིན་ལ།  《གེ་སར》ལོ་རྒྱུས་ལས་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་ཆེ་ཤོས་སུ་བརྗོད་ཀྱི་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།