logo

བྱ་དགའ་ཐོབ་པའི་དགའ་སྤྲོ་འཁོལ་བའི་གླུ་གར་ཞེས་པར་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བསོད་སྒྲོན་གྱིས་བསྒྲིགས། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-04-29 ཀློག་གྲངས།:


ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཐོག་
དགའ་སྤྲོ་འཁོལ་བའི་གླུ་གར་ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

            སྤྱི་ལོ2011ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཐོག་བྱ་དགའ་ཐོབ་པའི་རང་ལྗོངས་ཀྱི་ལེ་ཚན་དགའ་སྤྲོ་འཁོལ་བའི་གླུ་གར་ཞེས་པར་གཟེངས་བསྟོད་བྱེད་པའི་བཞུགས་མོལ་ཚོགས་འདུ་སྤྱི་ཚེས 26ཉིན་གྱི་ཕྱི་དྲོ་ལྷ་སར་འཚོགས་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་ཚུལ་གཡུས་དབྱིང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་ཐོག  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་རྣམ་རྒྱལ་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་བྱ་དགའ་ཐོབ་པའི་མཉམ་སྡེབ་དང་རྩོམ་སྒྲིག་མི་སྣ་གཙོ་བོར་བྱ་དགའ་སྤྲད་གནང་བ་རེད།


 ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཐོག་
དགའ་སྤྲོ་འཁོལ་བའི་གླུ་གར་ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།


 ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཐོག་
དགའ་སྤྲོ་འཁོལ་བའི་གླུ་གར་ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

            བཞུགས་མོལ་ཚོགས་འདུའི་ཐོག་ཚུལ་གཡུས་དབྱིང་གིས་ངེས་པར་དུ་རིག་རྩལ་ལས་དོན་གྱིས་བོད་ལྗོངས་མཆོང་བསྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་མ་གཏོང་བའི་ཁྲོད་ཀྱི་གལ་ཆེའི་གནས་འབབ་དང་དམིགས་བསལ་ནུས་པར་ངོས་འཛིན་གང་ལེགས་བྱས་ཏེ།  བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་ཐོག་གཅིག་འགྱུར་ཡོང་བ་དང་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ།  གོ་སྐབས་དམ་འཛིན།  ཡང་འབད་སྐྱར་འབད་བཅས་ཀྱི་སྒོ་ནས་རིག་རྩལ་རྩམ་བྱ་རྩེ་གྲ་དེ་བས་མང་བ་གསར་རྩོམ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་གང་ལེགས་བསྐོང་དགོས་པ་དང༌།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ 60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་ལས་དོན་ཁག་ཡག་པོ་སྒྲུབ་སྟེ་སྤུད་ཀ་ལེགས་པ་དང་ཚད་གཞི་མཐོ་བའི་རིག་རྩལ་རྩམ་བྱ་ཁག་ཅིག་བཏོན་པ་དང་།  རང་ལྗོངས་ཀྱི་རིག་རྩལ་དཔུང་ཁག་གི་བྱང་ཆུབ་པའི་རིག་རྩལ་ཆུ་ཚད་དང་བསམ་པའི་རྣམ་པ་བཟང་པོ་མངོན་པར་བྱས་ནས།  རང་ལྗོངས་ཀྱི་རིག་གནས་གོང་འཕེལ་དང་དར་རྒྱས་ཆེན་པོ་ཡོང་ཆེད་སླར་ཡང་ལེགས་སྐྱེས་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།