logo

སྐབས་དགུ་བའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་འགོ་ཚུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2011-04-29 ཀློག་གྲངས།:


སྐབས་དགུ་བའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན།

              ཁམ་བུའི་མེ་ཏོག་ལ་རྒྱུན་ཆད་མེད་པར་ལྟ་བར་ཡོང་མཁན་མང་དུ་སོང་བ་དང་བསྟུན་ནས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དེ་ཟླ་3ཚེས25ཉིན་དངོས་སུ་འགོ་ཚུགས་པ་དང་དེ་ཐོག་ ནས་རང་ལྗོངས་ཀྱི་འདི་ལོའི་ཡུལ་སྐོར་གྱི་མཐོ་རླབས་དངོས་སུ་འཕྱུར་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད།  
              ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དེ་ཉིད་ད་ཆ་ཉིང་ཁྲི་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཀྱི་སྤུས་རྟགས་གྲགས་ཅན་ཞིག་ཏུ་གྱུར་ཡོད་པའི་ཁར་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཅུང་མཐོ་པོ་ཡོད།  ཉིང་ཁྲི་ས་ཁུལ་དུའང་དེས་རྨང་གཞིར་བྱས་ནས་ཟླ3པའི་ཁམ་བུའི་མེ་ཏོག་གི་དུས་ཆེན་གྱིས་འགོ་འཛུགས་སར་བྱེད་པ་དང་།  ཟླ10པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་མཐོ་རླབས་སུ་བྱེད་པ།  ཟླ1པའི་ཀོང་པོའི་དུས་ཆེན་གྱིས་མཇུག་འགྲིལ་སར་བྱེད་པ་བཅས་ཀྱི་དུས་ཆེན་གྱི་སྦྲེལ་ཐག་ཅིག་ཆགས་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།