སྤྱི་ཟླ4པའི་ཚེས25ཉིན་བོད་སྐྱོད་མཉམ་འབྲེལ་བཅར་འདྲི་བྱེད་སྒོ་ཆེན་མོ་འགོ་བཙུགས་པ།

བོད་ལྗོངས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ཀྱི་འགོ་ཚུགས་ཚོགས་ར།
སྤྱི་ཟླ4པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་བོད་སྐྱོད་ཞིང་ཆེན(གྲོང་ཁྱེར )17གྱི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཐུན་མོང་ཐོག་བཞུགས་པའི་བོད་ལྗོངས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ལྷ་སར་སྤེལ་འགོ་ཚུགས་པ་རེད། བཅར་འདྲིའི་བྱེད་སྒོའི་སྟེང་ཁྱོན་གསར་འགོད་པ23ཞུགས་ཡོད་པ་དང་ཁོ་ཚོས་བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་ལ་བཅར་འདྲི་བྱེད་པར་སྐྱོད་རྒྱུ་དང༌། བཅར་འདྲིའི་ནང་དོན་ནང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུ་སོང་ཚུན་གྱི་བོད་ཀྱི་ཕྱོགས་གང་ཐད་ཀྱི་འཕོ་འགྱུར་ཚུད་ཡོད།

བོད་ལྗོངས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ཀྱི་འགོ་ཚུགས་ཚོགས་ར།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་དུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་དེ་སྤྱི་ཟླ5པའི་ཚེས15ཉིན་མཇུག་སྒྲིལ་རྩིས་ཡོད་པ་དང༌། བཅར་འདྲིའི་འབྲེལ་ཡོད་གནས་ཚུལ་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་དང་རྒྱ་སྐད་འཕྲིན་ལམ་བཞི་དང་ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་དྲ་རྒྱ། དེ་བཞིན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རླུང་འཕྲིན་ལས་ཁུངས་མང་པོ་དང་དེ་དག་གི་དྲ་རྒྱའི་ཐོག་ནས་དུས་གཅིག་ཏུ་གཏོང་སྤེལ་བྱ་རྒྱུ་རེད།
