མཚོ་སྔོན་གྱིས་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་བྱ་འགུལ་རྣམ་གྲངས་གསུམ་སྤེལ་རྒྱུ་ཡིན་པ།
རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ།
ཡོང་ཁུངས།:ཞིན་ཧྭ་དྲ་བ།
དུས་ཚོད།:2011-04-27
ཀློག་གྲངས།:
ད་ལོའི་ལོ་སྨད་ལ། མཚོ་སྔོན་ཞིང་ཆེན་གྱིས་མཚོ་ནུབ་ཁུལ་དང་ཟི་ལིང་གྲོང་ཁྱེར་ས་ཁུལ་དུ་སོ་སོར་རྒྱལ་ཡོངས་ཀྱི་ཚ་རླངས་དབུགས་ལྒང་འགྲན་བསྡུར་དང་རྒྱལ་ཡོངས་བྲག་འགོས་འགྲན་བསྡུར་ཡན་ལག་འགྲན་བསྡུར་ས་ཚིགས། ཀྲུང་གོ་མཚོ་སྔོན་གྱི་ཚྭ་འདམ་གཞོང་བརྒལ་བའི་རྐང་ཐང་མྱུལ་དཔྱད་བྱ་འགུལ་བཅས་སྤེལ་རྒྱུ་རེད།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མཁའ་སྐྱོད་བྱ་འགུལ་དོ་དམ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱེད་པའི2011ལོའི་རྒྱལ་ཡོངས་ཚ་རླངས་དབུགས་ལྒང་འགྲན་བསྡུར་དེ་ཟླ7པའི་ཚེས14ཉིན་ནས་ཚེས17ཉིན་བར་སྤེལ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པད་ང་། འདི་ནི་རྒྱལ་ཡོངས་རང་བཞིན་གྱི་ཆུ་ཚད་ཆེས་མཐོ་བའི་མཁའ་སྐྱོད་ལུས་རྩལ་འགྲན་བསྡུར་ཤིག་ཡིན་ལ་། མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ཐེངས་གསུམ་ལ་སྤེལ་བའི་ཚ་རླངས་དབུགས་ལྒང་འགྲན་བསྡུར་ཡིན།
2011ལོའི་རྒྱལ་ཡོངས་བྲག་འགོས་ཡན་ལག་འགྲན་བསྡུར་གྱི་ཟི་ལིང་ས་ཚིགས་ཀྱི་འགྲན་བསྡུར་དེ་ཟླ8པའི་ཚེས26ཉིན་དང་ཚེས27ཉིན་ལ་མཚོ་སྔོན་ཞིང་ཆེན་དམངས་ཡོངས་ཀྱི་ལུས་ཕུང་བདེ་སྲུང་ལྟེ་གནས་རྒྱལ་སྤྱི་བྲག་འགོས་ར་བ་རུ་སྤེལ་རྒྱུ་རེད། སྐབས་དེར་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་འཐུས་ཚབ་རུ་ཁག20ཡི་ལུས་རྩལ་པ་བརྒྱ་ལྷག་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
ཟླ9བའི་ཚེས18ཉིན་ནས་ཚེས25ཉིན་བར་ཀྲུང་གོ་རི་འཛེགས་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་ནུབ་ཁུལ་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱེད་པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་ཡན་ལག་བྱ་འགུལ་སྟེ2011ལོའི་ཀྲུང་གོ་མཚོ་སྔོན་གྱི་ཚྭ་འདམ་གཞོང་བརྒལ་བའི་རྐང་ཐང་མྱུལ་དཔྱད་བྱ་འགུལ་དེ་ཚྭ་འདམ་གཞོང་ནས་སྤེལ་རྒྱུ་རེད། སྐབས་དེར་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་རྐང་ཐང་མྱུལ་དཔྱད་པ50ལྷག་གིས་རྐང་ཐང་དུ་འཛམ་གླིང་ལ་ཚྭ་འདམ་གཞོང་གི་མཛེས་སྡུག་འགྲེམ་སྟོན་བྱེད་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།