logo

《གཙོད་རྒྱལ་》ཞེས་པའི་འགུལ་རིས་གློག་བརྙན་ལ་ཨ་རིའི་ཞིའུ་སི་ཏུན་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།: ཤིན་ཧྭ་དྲ་བ། དུས་ཚོད།:2011-04-23 ཀློག་གྲངས།:


《གཙོད་རྒྱལ》ཞེས་པའི་འགུལ་རིས་བརྙན་འཕྲིན་གྱི་ཁྱབ་བསྒྲགས་པར་རིས།

          ཟླ4བའི་ཚེས17ཉིན་གནས་ཚུལ་འབྱོར་བ་ལྟར་ན། ཚེས16ཉིན་གྱི་དགོང་མོར་དུས་ཡུན་ཉིན10རིང་གི་ཞིའུ་སི་ཏུན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཞེ་བཞི་བའི་བྱ་དགའ་གནང་བའི་མཛད་སྒོ་འཚོགས་ཤིང་། མཛད་སྒོར་ཞུགས་པའི་རིགས་མི་འདྲ་བ་བཅུའི་གློག་བརྙན3500ལྷག་གི་ཁྲོད་དུ་ལིའུ་ཡུས་ཅུན་གྱིས་འཁྲབ་ཁྲིད་བྱས་པའི་ཟིན་འགོད་གློག་བརྙན་《གངས་རླུང་གི་ཨ་ཆེན་ཐང་རྒྱུད》ཞེས་པ་དང་། འགུལ་རིས་གློག་བརྙན་《གཙོད་རྒྱལ》གཉིས་ལ་དཔྱད་ཞིབ་ཚོགས་པའི་བྱ་དགའ་ཆེན་པོ་དང་གསེར་གྱི་རྟགས་མ་ཐོབ་པ་རེད། 
          《གངས་རླུང་གི་ཨ་ཆེན་ཐང་རྒྱུད》དང་《གཙོད་རྒྱལ》གཉིས་ཀྱིས་མདོ་དབུས་མཐོ་སྒང་དུ་སྐྱེས་ཤིང་མཚར་ལོངས་བྱུང་བའི་ཀྲུང་གོའི་ཆེས་དཀོན་པའི་སྲོག་ཆགས་གཙོད་བརྗོད་བྱའི་སྙིང་བོར་བཞག་ཡོད། འགུལ་རིས་གློག་བརྙན་《གཙོད་རྒྱལ》ནང་དུ་ཨ་མ་མེད་པའི་གཙོད་ཕྲུག་ཅིག་རི་དྭགས་གཞན་གྱི་མགོན་སྐྱབས་འོག་འཚར་ལོངས་བྱུང་ནས། མཐར་དཔའ་ངར་ཆེ་ཞིང་གཞོམ་གཞིག་བྲལ་བའི་མཐོ་སྒང་གི་རི་དྭགས་ཚོགས་ཀྱི་མགོན་དུ་གྱུར་བའི་གཏམ་རྒྱུད་བརྗོད་ཡོད།
         ཞིའུ་སི་ཏུན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དེ་ནི1961ལོར་འགོ་ཚུགས་ཤིང་། ཨ་རི་བྱང་མའི་གློག་བརྙན་དུས་ཆེན་གསུམ་གྱི་ཡ་གྱལ་ཡིན་ལ། གློག་བརྙན་དང་གློག་བརྙན་ཐུང་ངུ་རང་རྐྱ་འཕེར་བར་སྒྲིག་བཟོ་བྱེད་པའི་རྒྱས་ཚོགས་ཆེན་པོ་ཞིག་ཡིན། 


འབྲེལ་ཡོད་འོས་སྦྱོར།