logo

ཀན་སུའུ་ཞིང་ཆེན་གྱིས་ཐོག་དང་པོར་བོད་ཀྱི་རྣམ་ཐར་ཟློས་གར་འཁྲབ་གཞུང་ལེགས་བསྒྲིགས་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-21 ཀློག་གྲངས།:


ཟློས་གར་འཁྲབ་པ།

            ཀན་ལྷོ་བོད་རིགས་དམངས་ཁྲོད་རྣམ་ཐར་འཚོལ་བསྡུ་དང་ལེགས་བསྒྲིགས་བྱེད་པའི་ཀན་ལྷོ་ཁུལ་རིག་གནས་ཅུའུ་ཡི་འགོ་གཙོ་ཡོན་ཏན་ལྷུན་གྲུབ་ཀྱིས་བཤད་རྒྱུར།  ཀན་ལྷོ་ཁུལ་བོད་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཞིབ་འཇུག་གཞུང་ལས་ཁང་གིས་རྣམ་ཐར་འཁྲབ་གཞུང14ལྷག་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་ཤིང་།  ད་ལོར《ཀན་ལྷོ་རྣམ་ཐར་འཁྲབ་གཞུང་དཀར་ཆག་བསྡུ་བསྒྲིགས》ཞེས་པའི་བོད་ཡིག་པར་གཞི་དངོས་སུ་པར་སྐྲུན་བྱེད་རྒྱུ་ཡིན་པ་དང་།  རྒྱུས་ལོན་བྱས་པ་ལྟར་ན། འདི་ནི་ཀན་སུའུ་ཞིང་ཆེན་གྱིས་ཐོག་དང་པོར་བོད་ཀྱི་རྣམ་ཐར་ཟློས་གར་འཁྲབ་གཞུང་ཆ་ཡོངས་སུ་ལེགས་བསྒྲིགས་བྱས་པ་ཡིན་པས།  འདི་ལྟ་བུའི་ཁྱབ་རྒྱ་ཆེ་བའི་བོད་ཀྱི་འཁྲབ་གཞུང་ལེགས་བསྒྲིགས་བྱས་པ་ནི་རྒྱལ་ནང་དུ་སྔ་ན་མེད་པ་ཞིག་རེད་སྐད།  
            བོད་ཀྱི་རྣམ་ཐར་ཟློས་གར་འདིའི་འབྱུང་ཁུངས་ནི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ཡིན་ཞིང་མཐའ་འཁོར་ས་ཁུལ་དང་རོང་འབྲོག་ས་ཁུལ་ལ་ཁྱབས་ཡོད་ལ།   དེར་སྒྱུ་རྩལ་རང་བཞིན་དང་དུས་ཡུན་རིང་བའི་ལོ་རྒྱུས་སྲོལ་རྒྱུན་ཀྱི་ཆ་དོད་པོ་ལྡན་པ་རེད།  དེར་བརྟེན།  རྣམ་ཐར་ཟློས་གར་ལ་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱི་དགའ་བསུ་དཔག་མེད་ཐོབ་ཅིང་།  རྒྱལ་ཁབ་ཀྱི་མི་རིགས་ཁྱད་འཕགས་རིག་གནས་ཀྱི་གྲས་སུ་གཏོགས་ཏེ།  ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་སུ་བཀོད་ཡོད་པ་རེད། 
            མུ་མཐུད་དུ་རྒྱུན་འཛིན་དང་གོང་སྤེལ་བྱེད་ཆེད།  ཀན་ལྷོ་ཁུལ་གྱིས2008ལོར་བོད་རིགས་དམངས་ཁྲོད་རིག་གནས་སྒྱུལ་རྩལ་ཞིབ་འཇུག་གཞུང་ལས་ཁང་བཙུགས་ཤིང་། བོད་ཡིག་དང་རྒྱ་ཡིག་ལ་བྱང་ཆ་ལྡན་པའི་ཆེད་ལས་མི་སྣ་བསྡུས་ཏེ།  རྣམ་ཐར་ཟློས་གར་འཚོལ་བསྡུ་དང་ལེགས་བསྒྲིགས་ཀྱི་བྱ་ལས་བསྒྲུབས་པ་རེད། 
            འཚོལ་བསྡུ་བྱས་པའི་རྣམ་ཐར་འཁྲབ་གཞུང14ནང་དུ། 《སྲོང་བཙན་སྒམ་པོ》དང་། 《དྲི་མེད་ཀུན་ལྡན》《རྒྱལ་བོ་ནོར་བཟང》《འགྲོ་བ་བཟང་མོ》《སྣང་ས་འོད་འབུམ》《མི་ལ་རས་པ》 《ཨ་སྟག་ལྷ་མོ》《སྐལ་བཟང་རྒྱལ་བོ》《ཁྲི་སྲོང་ལྡེ་བཙན》《གཞོན་ནུ་ཟླ་མེད》《བྱ་སྤྲེལ་གཏམ་རྒྱུད》སོགས་འདུས་པ་རེད།


འབྲེལ་ཡོད་འོས་སྦྱོར།